25/06/2026
དེ་རིང་། ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༠༦ ཚེས་ ༢༥ ཉིན། སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག ཨོ་སི་ཁྲུ་ལི་ཡའི་སིཌ་ཎི་གནམ་ཐང་དུ་ཕེབས་སྐབས། རི་སྔོན་པོ་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་ཤཱཀྱ་དང་། རྩིས་པ་འཇིགས་མེད་ལྷ་མོ་ལགས་གཉིས་ཀྱིས། རི་སྔོན་པོ་བོད་རིགས་མཐུན་ཚོགས་ཀྱི་ཚབ་ཞུས་ཏེ་ཕེབས་བསུར་བཅར་བ་ཡིན།