07/07/2026
ཟླ་6ཚེས་29ཉིན་ནས་ཟླ་7ཚེས་3ཉིན་བར་དུ། ཕྱི་ལོ་ ༢༠༢༦ ལོར་རྡ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། སྐབས་དེར་ཁོང་ཚོས་གསར་དུ་འོས་འདེམས་བྱུང་བའི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་ཁོང་གི་བཀའ་ཤག་གི་བཀའ་བློན་ཆོས་རིག་ལས་ཁུངས་ཀྱི་སྐུ་ཞབས་ཚེ་རྒྱལ་ལགས། དཔལ་འབྱོར་བཀའ་བློན་སྐུ་ཞབས་ཚེ་རིང་དོན་གྲུབ་ལགས་དང་འཕྲོད་བསྟེན་བཀའ་བློན་ལྕམ་པདྨ་མཚོ་དང་ཤེས་རིག་བཀའ་བློན་སྐུ་ཞབས་ཨུ་རྒྱན་བསྟན་འཛིན་ལགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྒྲོལ་མ་ཚེ་རིང་ལགས་ SARD འགན་འཛིན་སྐུ་ཞབས་བློ་ལྡན་ལ་ལགས་དང་ CTA ནང་སྲིད་དྲུང་གཞོན་ལྕམ་སྐུ་ཚེ་རིང་གཡུ་སྒྲོན་ལགས་དང་བཀའ་ཟུར་སྒྲོལ་མ་རྒྱ་རི་ལགས། དེ་བཞིན་ཁོང་ཚོའི་འཚམས་འདྲི་དང་ལྷན་དུ་ཚོགས་ཆུང་གིས་འདོད་རྒུ་གླིང་གཞིས་ཆགས་ཀྱི་ཡུན་རིང་ཡུན་གནས་ཐུབ་པའི་ཆེད་དུ་མཉམ་འབྲེལ་གྱི་འཆར་གཞི་བརྗེ་རེས་བྱས་པ་དང་། མཐུན་སྒྲིལ་དང་། མཉམ་ལས། བོད་ཀྱི་སྤྱི་ཚོགས་ཀྱི་ཞབས་ཞུའི་ནང་འགན་འཁྲི་མཉམ་སྤྱོད་བཅས་ཀྱི་ཆེད་དུ་ཚོགས་ཆུང་གི་ཁས་ལེན་རྒྱུན་འཁྱོངས་བྱེད་པ་དེ་ཡང་བསྐྱར་ཁས་ལེན་བྱེད་ཀྱི་ཡོད།
Between June 29 and July 3rd. 2026, the Chair, Vice-Chair, and Executive Director of the RDTS Managing Committee undertook an official visit to the Central Tibetan Administration Offices in Dharamsala. During this occasion, they offered heartfelt congratulations and respectful greetings to the newly elected Sikyong Penpa Tsering la, and his Cabinet Minister: Mr. Tsegyal Chukya Dranyi of Religion and Culture, Mr. Tsering Dhondup Gyangser of Finance, Ms. Pema Tso of Health, Mr. Urgyen Tenzin of Education, The Speaker of the Tibetan Parliament-in-Exile is Mrs. Dolma Tsering Teykhang, Mr. Loden-la, Director of SARD and Mrs. Tsering Youdon la, Additional Secretary of Home, CTA. Kasur Dolma Gyari la. Alongside their felicitations, the Committee shared its collective vision for the long-term sustainability of the Doeguling settlement, emphasizing the importance of robust and healthy planning for future generations. This gesture of goodwill not only marked their recognition of the new leadership but also reaffirmed the Committee’s enduring commitment to unity, cooperation, and shared responsibility in the service of the Tibetan community.