Geluk International Foundation

Geluk International Foundation The Geluk International Foundation aims to preserve and promote Buddhist heritage in general and the Geluk tradition in particular.

25/04/2026
༄། །ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ཡི་སྐུའི་སྐྱེས་རབས་ཀྱི་ཕྲེང་བར་འཛིན་པ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ...
25/04/2026

༄། །ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་ཡི་སྐུའི་སྐྱེས་རབས་ཀྱི་ཕྲེང་བར་འཛིན་པ་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་འདིར་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དབུས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

༄༅། །གདན་ས་གྲྭ་ཚང་བཤད་གྲྭ་ཁག་གི་དབུ་ཕར་ཐོན་ཟིན་པའི་དོན་གཉེར་ཅན་ལ། བྷི་ཧར་ལ་ཡོད་པའི་དཔལ་ནཱ་ལནྡའ་གསར་པའི་གཙུག་ལག་ཁང་ནས་གཙུག...
15/04/2026

༄༅། །གདན་ས་གྲྭ་ཚང་བཤད་གྲྭ་ཁག་གི་དབུ་ཕར་ཐོན་ཟིན་པའི་དོན་གཉེར་ཅན་ལ། བྷི་ཧར་ལ་ཡོད་པའི་དཔལ་ནཱ་ལནྡའ་གསར་པའི་གཙུག་ལག་ཁང་ནས་གཙུག་ལག་སློབ་དཔོན་དང། ཉེ་བའི་གཙུག་ལག་སློབ་དཔོན་གྱི་གོ་སྐབས་ཕུལ་གྱི་འདུག་ན་དོན་གཉེར་ཅན་རྣམས་ཀྱིས་གང་མྱུར་འབྲེལ་བ་གནང་རོགས། ཁ་པར་ཨང་། ༩༤༨༠༡༣༥༥༥༩། ༨༣༡༨༧༩༥༣༢༡

༄༅། །ཕྱི་ལོ་ ༢༠༢༥ / ༢༠༢༦ ལོའི་༸གོང་ས་སྐྱབས་མགོན་༸རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་...
26/03/2026

༄༅། །ཕྱི་ལོ་ ༢༠༢༥ / ༢༠༢༦ ལོའི་༸གོང་ས་སྐྱབས་མགོན་༸རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་དཔལ་བཟང་པོ་མཆོག་དགུང་ལོ་ ༩༠ ཕེབས་པའི་གོ་སྟོན་དང་འབྲེལ་བའི་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལས་རིམ་ཁག་ལས། གཞུང་ཆེན་བློ་རྒྱུགས་དང་འབྲེལ་བའི་གྲུབ་འབྲས་རྩེ་ཕུད་༡༣༩ མཚན་ཐོ་ཟུར་འདོན་ཞུས་པ།

ལོ་གསར་འཚམས་འཕྲིན།
15/02/2026

ལོ་གསར་འཚམས་འཕྲིན།

07/02/2026
07/02/2026
ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༤ ནས་ཉིན་གསུམ་གྱི་རིང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ། ༧རྒྱལ་བའི་གོ་སྟོན་སྲུ...
06/02/2026

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༤ ནས་ཉིན་གསུམ་གྱི་རིང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་ཏེ། ༧རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཞུ་རྒྱུའི་ལས་རིམ་གྱི་ཁོངས་སུ། གདན་ས་གྲྭ་ཚང་ཁག་ ༢༣ ནས་གཞུང་ཆེན་བློ་རྒྱུགས་འགྲན་བསྡུར་གྱི་རྒྱུགས་སྤྲོད་ས་ཁུལ་ཁག་ ༡༠ ལ་དུས་གཅིག་ཏུ་འཚོགས་ཡོད།

༡༽ དེ་ཡང་གདན་ས་ཆེན་པོ་དགའ་ལྡན་དུ། ཤར་བྱང་གྲྭ་ཚང་གཉིས་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་།
༢༽ གདན་ས་ཆེན་པོ་འབྲས་སྤུངས་སུ་སྒོ་བློ་གྲྭ་ཚང་གཉིས་དང་ར་སྟོད་གྲྭ་ཚང་།
༣༽ གདན་ས་ཆེན་པོ་སེ་རར་སེར་བྱེས་སྨད་གྲྭ་ཚང་གཉིས།
༤༽ གདན་ས་་བཀྲ་ཤིས་ལྷུན་པོར་བཀྲ་ཤིས་ལྷུན་པོ།
༥༽ ཧུང་སུར་རྒྱུད་སྨད་གྲྭ་ཚང་དང་རྫོང་ཆོས་གྲྭ་ཚང་།
༦༽ བཞུགས་སྒར་རྡ་སར་རྒྱུད་སྟོད་གྲྭ་ཚང་དང་། རྣམ་རྒྱལ་གྲྭ་ཚང་། རིགས་ལམ་སློབ་གཉེར་ཁང་། བཙུན་དགོན་དགེ་ལྡན་ཆོས་གླིང་། འཇམ་དབྱངས་་ཆོས་གླིང་། སྒྲོལ་མ་གླིང་།
༧༽ བལ་ཡུལ་ཀོ་པན་དགོན་པར་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དང་ཀོ་པན་བཙུན་དགོན། སྐྱིད་གྲོང་ཐུགས་རྗེ་ཆོས་གླིང་། རིག་འཛིན་ཕོ་བྲང་བཅས་།
༨༽ འོན་མངའ་རིས་གྲྭ་ཚང་། ལ་དྭགས་བཙུན་དགོན་དགེ་འཕེལ་བཤད་སྒྲུབ་གླིང་བཅས་ས་གནས་སོ་སོར་དུས་ཚོད་གཅིག་མཚུངས་གོ་སྒྲིག་ཞུ་རྒྱུར། འདི་ག་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་ལས་ཁུངས་ནས་རྒྱུགས་ཞིབ་པ་ཕྱོགས་སོ་སོར་བསྐོ་གཏོང་ཞུས་ཡོད།

རྒྱུགས་འབུལ་ཞུ་རྒྱུའི་གཞུང་ཚན་ལ། ཚད་མ་དང་། ཕར་ཕྱིན། དབུ་མ། མངོན་པ། འདུལ་བ་བཅས་གཞུང་ཆེན་བཀའ་པོད་ལྔའི་རྩ་བ་ཁག་དང་། གསང་བ་འདུས་པའི་རྩ་རྒྱུད། སྤྱོད་འཇུག་ཆེན་མོ། བྱམས་ཆོས་སྡེ་ལྔ། དབུ་མ་རིགས་ཚོགས་དྲུག ། འགྲེལ་བ་དོན་གསལ། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ཡིན།

རྒྱུགས་སྤྲོད་ནི། བྲིས་རྒྱུགས་ཀྱི་ལམ་ནས་རྒྱུགས་འབུལ་ཞུས་ཡོད།

༄༅། །བོད་བརྒྱུད་ནང་བསྟན་དུས་རབས་དང་མཐུན་པའི་འཛིན་སྐྱོང་སྤེལ་གསུམ་བྱེད་ཐབས་དང་།མིས་བཟོས་རིག་ནུས་ཀྱི་ནུས་པ་དང་མ་འོངས་བའི་འ...
19/01/2026

༄༅། །བོད་བརྒྱུད་ནང་བསྟན་དུས་རབས་དང་མཐུན་པའི་འཛིན་སྐྱོང་སྤེལ་གསུམ་བྱེད་ཐབས་དང་།མིས་བཟོས་རིག་ནུས་ཀྱི་ནུས་པ་དང་མ་འོངས་བའི་འཛམ་གླིང་གི་ཤེས་ཡོན་ཁ་ཕྱོགས་ཐོག་ཟབ་སྦྱོང།
Workshop on modernization of Tibetan Buddhism through Administration, Propagation and Development, the capabilities of Artificial Intelligence and the future direction of global education.

Address

Gaden Trithok Khang
Mundgod
581411

Opening Hours

Tuesday 9am - 5pm
Wednesday 9am - 5pm
Thursday 9am - 5pm
Friday 9am - 5pm
Saturday 9am - 5pm
Sunday 9am - 5pm

Telephone

+919480135559

Alerts

Be the first to know and let us send you an email when Geluk International Foundation posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Organization

Send a message to Geluk International Foundation:

Share