Our mission is to promote and preserve the Tibetan culture and traditions in the greater NYC. ༄ནིའུ་ཡོག་བོད་པའི་ཞབས་ཞུ་ཁང་འདི་ནི་ནིའུ་ཡོག་མངའ་སྡེ་དང་གྲོང་ཁྱེར་སྲིད་གཞུང་འོག་གི་དེབ་སྐྱེལ་ཟིན་པའི་ཁེ་མེད་ཀྱི་ཚོགས་པ་501 (c) (3) སྒྲིག་འཛུགས་ཤིག་ཡིན་པ་དང་། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཉར་ཚགས་གོང་སྤེལ་དང་། དེ་བཞིན་བོད་པ་དང་ཧི་མ་ལ་ཡའི་རིགས་མཐུན་སྤུན་ཟླས་གཙོས་པའི་གཞིས་སྤ
ོས་པ་རྣམས་ལ་ཡུལ་ལུང་གསར་པའི་ཁྲིམས་དང་ཐོབ་ཐང་ངོ་སྤྲོད། ད་དུང་དགོས་ངེས་ཀྱི་མཐུན་རྐྱེན་རྣམས་ལེགས་པར་སྦྱོར་ནས་དེ་དག་གི་འཚོ་བ་ལ་ཡར་རྒྱས་གོང་སྤེལ་ཡོང་ཆེད་ཞབས་ཞུ་སྐྲུན་ཐབས་བྱ་རྒྱུ་འདི་ཡིན་། དེ་བཞིན་ཨ་མེ་རི་ཀའི་དབུས་གཞུང་གིས་མི་རིགས་དབྱེ་འབྱེད་གྱི་བྱ་སྤྱོད་སྔོན་འགོག་རྩ་ཁྲིམས་རྣམས་ལ་བརྩི་སྲུང་འོག་ནིའུ་ཡོག་བོད་པའི་ཞབས་ཞུ་ཁང་གི་ངོས་ནས་གང་ཟག་སུ་འདྲ་ཞིག་ལ་དེའི་རིགས་རུས། ཚོན་མདོག ཆོས་དད། ཕོ་མོའི་ཁྱད་པར། དབང་པོ་ནུས་མེད། ཡོང་ཁུངས་རྒྱལ་ཁབ་དང་མི་སེར་ཡིན་མིན་གྱི་གནས་སྟངས་སོགས་ལ་བརྟེན་ནས་ཞབས་ཞུའི་ལས་འགན་ལ་དང་ལེན་མ་ཞུས་པ་བྱེད་མི་ཆོག་པ་ཡིན་།
Under federal anti-discrimination laws, NYTSC can not refuse service to any person based on their Race, Color, Religion, Sexual Orientation, Disability, National Origin or Citizenship Status.