06/06/2026
མཆོག་ཏུ་བཀུར་འོས་འདུལ་འཛིན་བསྟན་པའི་གསལ་བྱེད་སྐུ་སྒེར་དྲུང་ཆེ་སེར་སྨད་༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ལ། ༧ལྷར་བཅས་སྲིད་ཞིའི་གཙུག་རྒྱན། ༧གོང་ས་ལྷ་མིའི་རྣམ་འདྲེན། ༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་རིན་པོ་ཆེ་གསོལ་བསྩལ་གནང་བར། འདི་ག་མོན་ཐུབ་བསྟན་བཤད་སྒྲུབ་གླིང་གི་ཚོགས་པ་དང་སྤྲུལ་སྐུ་བསྟན་འཛིན་འགྱུར་མེད་རིན་པོ་ཆེ་མཆོག་གི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་། ཆབས་ཅིག་རིན་པོ་ཆེ་མཆོག་སྐུ་ཚེ་མི་འགྱུར་རྡོ་རྗེའི་གཟུགས་སུ་བརྟན་ནས་བསྟན་འགྲོའི་དོན་དུ་མཛད་བཟང་རླབས་པོ་ཆེ་གྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།
We, the community of Mon Thupten Shedrub Ling Foundation and Trulku Tenzin Gyurmey Rinpoche extend our profound congratulations to the most Venerable and highly respected Private Secretary, Sermey Kyabje Yangteng Rinpoche Lobsang Tenpai Gyalten la on the auspicious occasion of your appointment as the Head Lama of Gyutoed Ta***ic Monastery, formally bestowed by His Holiness the 14th Dalai Lama.
Along with that, we earnestly pray that your precious life may remain as steadfast as an immutable vajra, and we offer our auspicious aspirations for the grand and spontaneous fulfillment of your noble deeds for the benefit of the Buddha's teachings and all sentient beings.