Sera Jey Monastery

Sera Jey Monastery Contact information, map and directions, contact form, opening hours, services, ratings, photos, videos and announcements from Sera Jey Monastery, Nonprofit Organization, Mysore.
(1)

Sera Jey Monastery follows its centuries old Tibetan Gelukpa monastic tradition and culture dating back to its great period in Tibet, to this present day without much significant change.

༄༅།    །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༩ ནས་ ༢༣ བར་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་ནང་སེར་བྱེས་སིང་ག་པུར་ཆོས་ཚོགས་ཀྱི་འབྲེལ་...
24/07/2026

༄༅། །ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༩ ནས་ ༢༣ བར་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་ནང་སེར་བྱེས་སིང་ག་པུར་ཆོས་ཚོགས་ཀྱི་འབྲེལ་ཡོད་སློབ་མ་རྣམས་ལ་ནང་ཆོས་སློབ་ཁྲིད་གནང་བ་མ་ཟད། མཇུག་ཏུ་ནང་ཆོས་དང་གཞན་ཡང་སྒེར་གྱི་དོགས་གནས་དང་འབྲེལ་བའི་དྲི་བ་དྲི་ལན་ལྷུག་པོ་གནང་བའི་སྐབས་ཀྱི་པར་རིས།
On 23rd July 2026, Sera Jey Monastery’s administration organized a Dharma Talk to the tour group members from Sera Jey Singapore Buddhist Center at Sera Jey Tashi Choeling Centre. Following the Dharma Talk, question & answer session on Dharma and personal life issues was held.

༄༅།   །དེ་རིང་སེར་བྱེས་མཁས་སྙན་གྲྭ་ཚང་ནས་གོ་སྒྲིགས་ཞུས་པའི་ཐོག  སེར་བྱེས་སིང་གྷ་པུར་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ནས་གཙོ་བོ་...
24/07/2026

༄༅། །དེ་རིང་སེར་བྱེས་མཁས་སྙན་གྲྭ་ཚང་ནས་གོ་སྒྲིགས་ཞུས་པའི་ཐོག སེར་བྱེས་སིང་གྷ་པུར་ཆོས་ཚོགས་ཀྱི་ཚོགས་མི་རྣམས་ནས་གཙོ་བོ་བོད་མིིའི་མགོན་སྐྱབས་༸སྤྱི་ནོར་༸གོང་ས་མཆོག་གི་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་། འཛམ་གླིང་ཞི་བདེར་གནས་པ། འཁོར་ཡུག་སྲུང་སྐྱོབ་ཆེད་སེར་བྱེས་དགའ་ཚལ་གླིང་གི་ཞིང་ཁར་ཤིང་སྡོང་འདྲ་མིན་འདེབས་འཛུགས་གནང་བའི་པར་རིས་ཁག
On 24th July 2026, visiting members of Sera Jey Singpaore Buddhist Center’s - July 2026 Tour, planted several trees at the field land of Sera Jey Gatsel Ling. The Administration of Sera Jey Monastic Institute organized this Tree Planting ceremony in dedication to the Long Life of His Holiness The 14th Dalai Lama, for harnessing Harmony in Nature and Peace in the Human Society.

ཕྱི་ལོ་༢༠༢༦ ཟླ་བ་༠༧ ཚེས་༢༢ ལྷག་དཀར་ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་པ་ཙམ་ལྡི་ལིར་བཅའ་བསྡོད་ཧྥ་རན་སིའི་གཞུང་ཚབ་སྐུ་ཞབས་ཀྲི་རི...
22/07/2026

ཕྱི་ལོ་༢༠༢༦ ཟླ་བ་༠༧ ཚེས་༢༢ ལྷག་དཀར་ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་པ་ཙམ་ལྡི་ལིར་བཅའ་བསྡོད་ཧྥ་རན་སིའི་གཞུང་ཚབ་སྐུ་ཞབས་ཀྲི་རི་མེ་ཐོའོ་ Mr Thierry Mathou ལགས་དང་། ཁོང་གི་སྐུ་ཟླ་སི་སལ་མེ་ཐོའོ་ Mrs. Cecile Mathou ལགས། སྦེང་ལོར་ས་གནས་ཧྥ་རན་སིའི་གཞུང་ཚབ་སྐུ་ཞབས་མག་གྷར་མི་ལགས་དང་ཕྱག་རོགས་ཧེ་མན་གྷན་ནི་རག་ཤི་ Mis. Hemangini Raksh*t ལགས་བཅས་སེར་བྱེས་མཁས་སྙན་གྲྭ་ཚང་ལ་གཟིགས་སྐོར་ཕེབས་ཡོད། སྐབས་དེར་གྲྭ་ཚང་གི་ཕྱག་མཛོད་རྣམ་པས་སྣེ་ལེན་ཐོག་ཆོས་རྭ་དང་། གཙུག་ལག་ཁང་དུ་མཆོད་མཇལ་གནང་ནས་གྲྭ་ཚང་གི་གཙུག་ལག་ཁང་ཡང་སྟེང་དུ་༸སྐྱབས་རྗེ་མཁན་རིན་པོ་མཆོག་ནས་ཁོང་རྣམས་ལ་འཚམས་འདྲི་ཞུས་ཏེ། སྐུ་མགྲོན་རྣམས་ལ་༸སྐྱབས་རྗེ་མཁན་རིན་པོ་མཆོག་ནས་གྲྭ་ཚང་གི་ད་ལྟའི་གནས་སྟངས་དང་དགེ་འདུན་པའི་སློབ་གཉེར་གནང་ཕྱོགས་སྐོར་འགྲེལ་བརྗོད་གནང་། དེ་ནས་སྐུ་མགྲོན་རྣམས་རྣམ་གྲོལ་གླིང་དགོན་པ་དང་གདན་ས་བཀྲིས་ལྷུན་པོར་གནས་གཟིགས་ཕེབས་ཡོད། ཉིན་གུང་གྲྭ་ཚང་གི་ཚན་རིག་སྡེ་ཚན་ཁང་ལ་སྐུ་མགྲོན་རྣམས་ལ་གསོལ་སྟོན་འབུལ་ཡོད་པ་བཅས་ཀྱི་པར་རིས་ཁག

The Administration accorded a warm welcome to H.E. Mr. Thierry Mathou, Ambassador of France to India, Mrs. Cecile Mathou, Consul General of France in Bangalore – Mr. Marc Gamy and Mis. Hemangini Raksh*t - Chargée de mission, on 22nd July 2026, during their tour visit to Sera Jey Monastic Institute. They had a tour visit to the Debate courtyard and observed the Sutra Recitation by the pupil monk assembly, followed by visit to the main temple & Hayagriva shrine, and lighted butter lamps. The dignitaries were greeted by the monastery’s Abbot over tea and brief discussion. They had a short observation of the Debate session which was in progress.
The dignitaries then made a tour visit to Namdroling Monastery, followed by Tashi Lhunpo Monastery. Sera Jey Monastic Institute hosted a lunch for the dignitaries at Sera Jey Science Centre’s Guest House, before the dignitaries departure to Bangalore at 1.15 pm.

༄༅།    །ཕྱི་ལོ་༢༠༢༦ ཟླ་བ་ ༠༧ ཚེས་ ༢༠ རེས་གཟའ་ཟླ་བའི་སྔ་དྲོ་ཕྱག་ཚོད་བཅུ་པ་ཡོལ་ཙམ་ལ་སྐབས་བཅོ་བརྒྱད་པའི་དཔལ་ལྡན་བོད་མི་མངསྤ...
22/07/2026

༄༅། །ཕྱི་ལོ་༢༠༢༦ ཟླ་བ་ ༠༧ ཚེས་ ༢༠ རེས་གཟའ་ཟླ་བའི་སྔ་དྲོ་ཕྱག་ཚོད་བཅུ་པ་ཡོལ་ཙམ་ལ་སྐབས་བཅོ་བརྒྱད་པའི་དཔལ་ལྡན་བོད་མི་མངསྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་བ་ར་ཚེ་དབང་བཀྲ་ཤིས་མཆོག་རྣམ་གཉིས་གཞུང་འབྲེལ་མཚམས་གཟིགས་ཕེབས་སྐབས་སུ། སེར་བྱེས་མཁས་སྙན་གྲྭ་ཚང་ལ་གཟིགས་སྐོར་ཕེབས་ནས་ཁྲིམས་བདག་དགེ་བསྐོས་ལགས། གྲྭ་ཚང་གི་ཕྱག་མཛོད་བཅས་ནས་ཕེབས་བསུའི་སྣེ་ལེན་དང་འབྲེལ་གཙུག་ལག་ཁང་དུ་མཆོད་མཇལ་ཕེབས་གནང་བའི་པར་རིས་ཁག

སེར་བྱེས་རྒྱལ་བའི་བཀའ་དྲིན་རྗེས་དྲན་སློབ་ཡོན་ཐེངས་ ༡༢ པ་ཕུལ་བ།ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༦ ཉིན་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚ...
17/07/2026

སེར་བྱེས་རྒྱལ་བའི་བཀའ་དྲིན་རྗེས་དྲན་སློབ་ཡོན་ཐེངས་ ༡༢ པ་ཕུལ་བ།
ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༦ ཉིན་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་སེར་བྱེས་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་སློབ་ཡོན་ཐེངས་ ༡༢ པ་ཕུལ་བའི་མཛད་སྒོ་དངོས་སུ་བསྐྱངས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་དང་། ཕྱག་མཛོད་ཆེན་མོ་ལགས་དང་། ཤེས་ཡོན་འགན་འཛིན་ལགས། དམིགས་བསལ་སྐུ་མགྲོན་སྦེལ་ཀོབ་ལུགས་བསམ་གཞིས་འགོ་དགེ་ལེགས་འབྱུང་གནས་ལགས་དང་། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ J.P URS བཅས་དབུ་བཞུགས་ཐོག གྲྭ་ཚང་གི་ཚོགས་པ་ཁག་གི་འགན་འཛིན་དང་། ཁང་ཚན་རྒན་ལགས་རྣམ་པ། དབྱར་དུས་སློབ་གྲྭའི་དགེ་རྒན་དང་སློབ་མ། འདི་ལོའི་སློབ་ཡོན་བཞེས་མཁན་བོད་པ་དང་རྒྱ་གར་བའི་སློབ་མ་དང་འབྲེལ་ཡོད་བཅས་འཛོམས་སོང་། སྐབས་དེར་སེར་བྱེས་ཕྱག་མཛོད་ཆེན་མོ་དགེ་བཤེས་བློ་བཟང་ནོར་བུ་ལགས་ནས་ངོ་སྤྲོད་གསུང་བཤད་དང་སྦྲགས་སློབ་མ་རྣམས་ཀྱི་མཚན་སྒྲོགས་སྦྱང་གནང་ནས་དངུལ་འཛིན་ཕྱག་ཁྱེར་རིམ་བཞིན་ཕུལ་སོང་། ༢༠༢༦- ༢༠༢༧ ལོའི་སློབ་ཡོན་བཞེས་མཁན་ཁོངས་ལ་བོད་པ་སློབ་མ་གྲངས་ ༢༩ དང་། ཉེ་འཁོར་རྒྱ་གར་བ་སློབ་མ་གྲངས་ ༨ བཅས་ཡོད།
On 16th July 2026, Sera Jey Monastery 12th Kadren Jedren Higher Education Scholarship for needy students were granted to 29 Tibetan students from the two Tibetan Settlements of Bylakuppe and to eight students from local Indian community, for the academic year 2026-27. Sera Jey Monastery’s Abbot, Khen Rinpoche Geshe Tashi Tsethar, the Chief Guest, presented the scholarship grant to respective students, in the presence of Guest of Honour – Mr. Gelek Jugney, Representative of Lugsam Tibetan Settlement of Bylakuppe, and Mr. J.P. Urs. President of Indo-Tibetan Friendship Society of Bylakuppe Chapter, in the presence of Chief Disciplinarian, Chant Master, Chief Administrator, respective Department & Khangtsen Heads and concerned Staffs.

༢༠༢༦ ལོའི་དབྱར་དུས་སློབ་གྲྭ་སྐབས་ལྔ་པའི་མཇུག་བསྡོམས་མཛད་སྒོ་ཚུགས་སོང་།ཕྱི་ལོ་༢༠༢༦ ཟླ་ ༧ ཚེས་ ༡༦ ཉིན་སེར་བྱེས་མཁས་སྙན་གྲྭ...
16/07/2026

༢༠༢༦ ལོའི་དབྱར་དུས་སློབ་གྲྭ་སྐབས་ལྔ་པའི་མཇུག་བསྡོམས་མཛད་སྒོ་ཚུགས་སོང་།
ཕྱི་ལོ་༢༠༢༦ ཟླ་ ༧ ཚེས་ ༡༦ ཉིན་སེར་བྱེས་མཁས་སྙན་གྲྭ་ཚང་གིས་མཐུན་རྐྱེན་སྦྱར་བའི་ཕྱི་རྒྱལ་བོད་རིགས་སློབ་མ་གཞོན་སྐྱེས་ལ་དམིགས་པའི་དབྱར་དུས་སློབ་གྲྭ་སྐབས་ལྔ་པའི་མཇུག་བསྡོམས་མཛད་སྒོ་དེ་སེར་བྱེས་བཀྲ་ཤིས་ཆོས་གླིང་ཚོགས་ཁང་དུ་དངོས་སུ་དབུ་འཛུགས་བསྐྱངས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་སེར་བྱེས་མཁས་སྙན་གྲྭ་ཚང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་དགེ་བཤེས་བཀྲ་ཤིས་ཚེ་ཐར་མཆོག་དང་། གྲྭ་ཚང་གི་དབུ་ཆོས་རྣམ་གཉིས་དང་། ཕྱག་མཛོད་ཆེན་མོ་ལགས་དང་། ཤེས་ཡོན་འགན་འཛིན་ལགས། དམིགས་བསལ་སྐུ་མགྲོན་སྦེལ་ཀོབ་ལུགས་བསམ་གཞིས་འགོ་དགེ་ལེགས་འབྱུང་གནས་ལགས་དང་། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ J.P URS བཅས་དབུ་བཞུགས་ཐོག གྲྭ་ཚང་གི་ཚོགས་པ་ཁག་གི་འགན་འཛིན་དང་། ཁང་ཚན་རྒན་ལགས་རྣམ་པ། དབྱར་དུས་སློབ་གྲྭའི་དགེ་རྒན་དང་སློབ་མ་བཅས་འཛོམས་ནས། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། དེ་ནས་སྐུ་མགྲོན་རྣམ་པས་རིམ་བཞིན་གསུང་བཤད་གནང་བ་དང་། སྐུ་མགྲོན་གཙོ་བོ་སེར་བྱེས་མཁན་རིན་པོ་ཆེ་མཆོག་ནས་འདི་ལོ་དབྱར་དུས་སློབ་གྲྭའི་སློབ་མ་རྣམས་ལ་མཉམ་ཞུགས་ཕྱག་ཁྱེར་གནང་བ་དང་། དེ་ནས་ཤེས་ཡོན་འགན་འཛིན་ལགས་ནས་དྲ་ཐོག་སློབ་གྲྭའི་འཛིན་རིམ་བརྒྱད་པ་སྐབས་གཉིས་པ་ཐོན་མཁན་རྣམས་ལ་སློབ་ཐོན་ཕྱག་ཁྱེར་གནང་བ་དང་། སེར་བྱེས་ཁྲིམས་བདག་དགེ་བསྐོས་ལགས་ནས་ལས་བྱེད་དགེ་རྒན་དང་དྭང་བླངས་ཞབས་ཞུ་མ་རྣམས་ལ་ཕྱག་ཁྱེར་དང་ལེགས་འབུལ་བཅས་ཕུལ་གནང་སོང་། དེ་ནས་སློབ་མ་རྣམས་ཀྱིས་ཉིན་གྲངས་མང་པོའི་རིང་སྒྲ་སྙན་བཀྲོལ་སྟངས་དང་གླིང་བུ་བུད་སྟངས་སོགས་སྦྱངས་བརྩོན་བྱས་པ་ཁག་ཅིག་གཟིགས་འབུལ་ཞུས་ནས། མཐར་དབྱར་དུས་སློབ་གྲྭའི་འགན་ཁུར་བ་རྒན་པད་མ་དོན་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཇུག་བསྡོམས་མཛད་སྒོ་ལེགས་པར་གྲུབ་སོང་།
འདི་ལོར་རྒྱལ་ཁབ་མི་འདྲ་བ་ ༡༡ ནས་སློབ་མ་གྲངས་ ༤༠ ཡིས་མཉམ་ཞུགས་གནང་ཡོད་པ་དང་། དབྱར་དུས་སློབ་གྲྭ་ཉིན་གྲངས་ ༢༡ རིང་ལ། སྔ་དྲོ་སྒོམ་འཛིན་གྲྭ་དང་། དེ་ནས་ནང་ཆོས་དང་བོད་ཀྱི་སྐད་ཡིག་དང་བོད་ཀྱི་ཡིག་གཟུགས། བོད་ཀྱི་སྲོལ་རྒྱུན་གཞས་སྣ་འཁྲབ་སྟོན་དང་། སྒྲ་སྙན་བཀྲོལ་སྟངས་དང་། གླིང་བུ་བུད་སྟངས་སོགས་སློབ་ཁྲིད་ཞུས་ཡོད། བར་བར་ལ་ཉེ་འཁོར་དགོན་པ་རྒྱུད་སྨད་གྲྭ་ཚང་དང་། རྫོང་དཀར་ཆོས་སྡེ་དང་། རྣམ་གྲོལ་གླིང་སོགས་ལ་མཆོད་མཇལ་དང་། ཀ་རུ་ཎ་བལྟ་སྐྱོང་ཁང་དང་། རྒས་གསོ་ཁང་དང་། སློབ་གྲྭ་ཁག་ལ་བལྟ་སྐོར་བཅས་ཁྲིད་ནས་སློབ་མ་རྣམས་ལ་དམིགས་བསལ་ཉམས་མྱོང་ཚོར་བ་དང་བག་ཆགས་མི་འདྲ་བ་འཇོག་ཐུབ་ཡོད། མདོར་ན་ཉིན་གྲངས་ ༢༡ རིང་སློབ་ཁྲིད་བྱས་པ་བརྒྱུད་སློབ་མ་རྣམས་བོད་ཀྱི་ནང་ཆོས་དང་སྐད་ཡིག་དང་ཡིག་གཟུགས་དང་སྲོལ་རྒྱུན་རོལ་མོ་བཀྲོལ་སྟངས་བཅས་མ་ཤེས་པ་ཤེས་པ་དང་། ཕྲན་བུ་ཤེས་པ་རྣམས་ཡར་རྒྱས་གོང་འཕེལ་ཡོང་བ་ལ་དགེ་མཚན་ཆེན་པོ་ཐོན་ཐུབ་པ་བྱུང་ཡོད།
The 5th Summer School for children of Tibetan diaspora organized at Sera Jey Tashi Choeling Centre from 26th June 2026, concluded with the closing ceremony on 16th July 2026. This year’s summer school has the participation of 40 Tibetan children from 11 different countries.
Sera Jey Monastery’s Abbot, Khen Rinpoche Geshe Tashi Tsethar, was the Chief Guest, and Guest of Honour – Mr. Gelek Jugney, Representative of Lugsam Tibetan Settlement of Bylakuppe, and Mr. J.P. Urs. President of Indo-Tibetan Friendship Society of Bylakuppe Chapter. The ceremony was attended by the monastery’s Chief Disciplinarian, Chant Master, Chief Administrator, respective Department & Khangtsen Heads and concerned Staffs.

The Abbot, presented the Certificate of Participation to respective children, The Head of Department of Modern Education Department presented the completion certificate to Sera Jey Online School’s 8th Grade, second semester students, and the Chief Disciplinarian presented the Appreciation Certificates to teachers, staffs & volunteers.

The children displayed their Tibetan calligraphy work, Tibetan guitar and flute skills and performed traditional folk and opera dance at the closing ceremony, which they had learned during the 21 day summer school.

༄༅།   །སེར་བྱེས་མཁས་སྙན་གྲྭ་ཚང་གི་སྔར་སྲོལ་ལོ་འཁོར་གཅིག་གི་གལ་ཆེའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ཚན་རིགས་རམས་དགེ་བཤེས་ཀྱི་...
11/07/2026

༄༅། །སེར་བྱེས་མཁས་སྙན་གྲྭ་ཚང་གི་སྔར་སྲོལ་ལོ་འཁོར་གཅིག་གི་གལ་ཆེའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ཚན་རིགས་རམས་དགེ་བཤེས་ཀྱི་ཕྱག་སྲོལ་བཟང་པོ་ཟམ་མ་ཆད་པར་རྒྱུན་འཛིན་གནང་བཞིན་པ་ལྟར། བོད་རྒྱལ་ལོ་༢༡༥༣ རབ་གནས་མེ་རྟ་ལོའི་བོད་ཟླ་༠༥ པའི་ཚེས་༢༧ དང་། ཕྱིི་ལོ་༢༠༢༦ ཟླ་བ་༠༧ ཚེས་།༡༡ ཉིན་རིགས་རམས་དགེ་བཤེས་བརྒྱད་ཀྱིས་ནང་དོན་རིག་པའི་གཞུང་ལ་གཙོ་བོ་རྩལ་འདོན་གྱིས་སློབ་གཉེར་གནང་བ་ལྟར། གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་མཐར་ཕྱིན་ཏེ། མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་རིགས་རམས་དགེ་བཤེས་དམ་འཇོག་དང་། འདུས་ཚོགས་སུ་བསྙེན་བཀུར་མཆོད་འབུལ་གནང་བའི་སྐབས་ཀྱི་སྐུ་པར་ཁག ཉིན་གསུམ་པ།།

༄༅།   །སེར་བྱེས་མཁས་སྙན་གྲྭ་ཚང་གི་སྔར་སྲོལ་ལོ་འཁོར་གཅིག་གི་གལ་ཆེའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ཚན་རིགས་རམས་དགེ་བཤེས་ཀྱི་...
10/07/2026

༄༅། །སེར་བྱེས་མཁས་སྙན་གྲྭ་ཚང་གི་སྔར་སྲོལ་ལོ་འཁོར་གཅིག་གི་གལ་ཆེའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ཚན་རིགས་རམས་དགེ་བཤེས་ཀྱི་ཕྱག་སྲོལ་བཟང་པོ་ཟམ་མ་ཆད་པར་རྒྱུན་འཛིན་གནང་བཞིན་པ་ལྟར། བོད་རྒྱལ་ལོ་༢༡༥༣ རབ་གནས་མེ་རྟ་ལོའི་བོད་ཟླ་༠༥ པའི་ཚེས་༢༦ དང་། ཕྱིི་ལོ་༢༠༢༦ ཟླ་བ་༠༧ ཚེས་།༡༠ ཉིན་རིགས་རམས་དགེ་བཤེས་བརྒྱད་ཀྱིས་ནང་དོན་རིག་པའི་གཞུང་ལ་གཙོ་བོ་རྩལ་འདོན་གྱིས་སློབ་གཉེར་གནང་བ་ལྟར། གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་མཐར་ཕྱིན་ཏེ། མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་རིགས་རམས་དགེ་བཤེས་དམ་འཇོག་དང་། འདུས་ཚོགས་སུ་བསྙེན་བཀུར་མཆོད་འབུལ་གནང་བའི་སྐབས་ཀྱི་སྐུ་པར་ཁག ཉིན་གཉིས་པ།།

Second day of the annual Rigram Geshe Graduation Ceremony, today on 10 July 2026.

༄༅།   །སེར་བྱེས་མཁས་སྙན་གྲྭ་ཚང་གི་སྔར་སྲོལ་ལོ་འཁོར་གཅིག་གི་གལ་ཆེའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ཚན་རིགས་རམས་དགེ་བཤེས་ཀྱི་...
09/07/2026

༄༅། །སེར་བྱེས་མཁས་སྙན་གྲྭ་ཚང་གི་སྔར་སྲོལ་ལོ་འཁོར་གཅིག་གི་གལ་ཆེའི་ཆོས་ཕྱོགས་ཀྱི་བྱེད་སྒོའི་ནང་ཚན་རིགས་རམས་དགེ་བཤེས་ཀྱི་ཕྱག་སྲོལ་བཟང་པོ་ཟམ་མ་ཆད་པར་རྒྱུན་འཛིན་གནང་བཞིན་པ་ལྟར། བོད་རྒྱལ་ལོ་༢༡༥༣ རབ་གནས་མེ་རྟ་ལོའི་བོད་ཟླ་༠༥ པའི་ཚེས་༢༤།༢༦།༢༧།དང་། ཕྱིི་ལོ་༢༠༢༦ ཟླ་བ་༠༧ ཚེས་༩།༡༠།༡༡ བཅས་ཉིན་གསུམ་གྱི་རིང་རིགས་རམས་དགེ་བཤེས་བརྒྱད་ཀྱིས་ནང་དོན་རིག་པའི་གཞུང་ལ་གཙོ་བོ་རྩལ་འདོན་གྱིས་སློབ་གཉེར་གནང་བ་ལྟར། གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་མཐར་ཕྱིན་ཏེ། མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་རིགས་རམས་དགེ་བཤེས་དམ་འཇོག་དང་། འདུས་ཚོགས་སུ་བསྙེན་བཀུར་མཆོད་འབུལ་གནང་བའི་སྐབས་ཀྱི་སྐུ་པར་ཁག ཉིན་དང་པོ།
The first day of the annual Rigram Geshe Graduation Ceremony, conducted on 9th July 2026 at the main temple of Sera Jey Monastic Institute. There are eight candidates receiving the Rigram Geshe title during this three-day graduation ceremony, from 9th – 11th July 2026.

༄༅།     །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན།  འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ།   འཇི...
06/07/2026

༄༅། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཐུགས་རྗེའི་གཏེར་ཆེན། འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། འཇིག་རྟེན་ཞི་བདེའི་དེད་དཔོན། ལྷར་བཅས་སྲིད་ཞིའི་གཙུག་རྒྱན་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དགའ་སྟོན་ཉིན་མོར། འདི་ག་འཕགས་ཡུལ་ལྷོ་ཕྱོགས་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁན་བླ་འདུས་མང་ཡོངས་ནས་མཛའ་བརྩེའི་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་བ་དང་སྦྲགས། ཕྱི་ལོ་༢༠༢༦ ཟླ་བ་༠༧ ཚེས་༠༦ རེས་གཟའ་ཟླ་བའི་སྔ་དྲོ་ཕྱག་ཚོད་༨།༠༠ པའི་ཐོག་སེར་བྱེས་དགའ་ཚལ་གླིང་དུ་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་མཆོག་དང་། དབུ་ཆོས་རྣམ་གཉིས། གྲོས་ཚོགས་ཀྱི་རྒྱུན་ལས། གྲྭ་ཚང་གི་ཚོགས་པ་ཁག་གི་འགན་འཛིན། ཁང་ཚན་རྒན་རྣམ་པ་དང་གྲོས་ཚོགས་འཐུས་མི་བཅས་ཚང་འཛོམས་ཐོག ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ཞིང་། དེ་རྗེས་བཞུགས་བྲལ་དུ་འཁོད་མཚམས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་ཏེ། དེ་ནས་སྐུའི་འཁྲུངས་སྐར་རྟེན་འབྲེལ་དུ་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེས་དབུས་སྐུ་མགྲོན་རྣམས་ནས་སྤྲི་གོར་གྱི་མཆོད་པ་ཕུལ། མཇུག་ཏུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པའི་ལམ་སྟོན་བཀའ་སློབ་ཡང་ཡང་གནང་བ་བཞིན། ད་ལན་འདི་ག་གྲྭ་ཚང་ནས་སྐུའི་འཁྲུངས་སྐར་སྲུང་བརྩིའི་སླད་༸སྐྱབས་རྗེ་མཁན་ཟུར་རིན་པོ་ཆེ་དབུས་སྐུ་མགྲོན་རྣམས་ནས་ཤིང་སྣ་འདྲ་མིན་ཁྱོན་༼༡༡༣༠༽ འདེབས་འཛུགས་གནང་བ་བཅས་དེ་རིང་སྐུའི་འཁྲུངས་སྐར་གྱི་བྱེད་སྒོའི་སྐུ་པར་ཁག་སྤྱན་གཟིགས་ཏུ་ཕུལ་བ་ལགས།

The Administration of Sera Jey Monastic Institute organized His Holiness The 14th Dalai Lama’s 91st Birthday celebration ceremony at Sera Jey Gatseling, today on 6th July 2026. Venerable Khensur Tenzin Jampa Choesang Rinpoche, was the chief guest, and other guests include Sera Jey Monastery’s Council Committee, Heads of Departments, Khangtsens and council members. The ceremony commenced in the morning with Khensur Rinpoche and guests offering scarves to the Portrait of His Holiness the 14th Dalai Lama. Tea and Sweet Rice was served to the chief guest & guests. The Birthday Cake Cutting Ceremony was presided by Khensur Rinpoche. The chief guest & guests planted 1130 different trees at Sera Jey Gatseling.

Address

Mysore
571104

Opening Hours

Monday 9am - 4pm
Tuesday 9am - 5pm
Wednesday 9am - 5pm
Thursday 9am - 5pm
Friday 9am - 5pm
Saturday 9am - 5pm
Sunday 9am - 5pm

Telephone

+918223258435

Alerts

Be the first to know and let us send you an email when Sera Jey Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Organization

Send a message to Sera Jey Monastery:

Shortcuts

Share