Tashi Lhunpo Library Bylakuppe

༄༅། །ལྷོ་ཕྱོགས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་ནས་གནམ་ལོ་གསར་དུ་བཞེད་པའི་རྟེན་འབྱུང་དགའ་སྟོན་ལ་བཀྲ་ཤིས་བདེ་ལེ...
17/02/2026

༄༅། །ལྷོ་ཕྱོགས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་ནས་གནམ་ལོ་གསར་དུ་བཞེད་པའི་རྟེན་འབྱུང་དགའ་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ།

༄༅། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག   གདན་ས་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་དུ།  བོད་ཀྱི་གྲ...
04/08/2024

༄༅། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག གདན་ས་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་དུ། བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་རྒྱབ་ལྗོངས་ཞིབ་འཇུག་དཔེ་རྙིང་སྲུང་སྐྱོབ་དང་ཉར་ཚགས་དཀར་ཆག་དང་ཡིག་ཆ་བཤེར་འབེབས་སོགས་ཀྱི་སྦྱོང་བརྡར་ལས་འཆར་ལས་གཞི་དངོས་སུ། ཕྱི་ལོ་༢༠༢༤ ཟླ་༧ ཚེས་ ༢༧ ནས་ཟླ་བ་ ༨ པའི་ཚེས་ ༣ བར་ཉིན་གྲངས་བརྒྱད་རིང་ལེགས་གྲུབ་བྱུང་ཡོད།

༄༅།། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་དགུར་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲིས་བདེ་ལེགས་ག...
06/07/2024

༄༅།། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱ་དགུར་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ།
wishing His Holiness the 14th Dalai Lama a very Happy 89th Birthday

གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་ནས་ཕྱི་ལོ་༢༠༢༤་ཟླ་༧་ཚེས༦་ཉིན་ལ།།

༢༠༢༤ ཟླ་བ་༧ ཚེས ༣ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་ཝད་ཝ་ནི་བཅོས་མ...
05/07/2024

༢༠༢༤ ཟླ་བ་༧ ཚེས ༣ ཉིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་གྲངས་འཛིན་དཔེ་མཛོད་དང་ཝད་ཝ་ནི་བཅོས་མའི་རིག་རྩལ་ཁང་གི་ལས་བྱས་ནས་འདི་ག་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་དུ་དྲི་བ་དྲི་ལེན་གནང་བའི་སྐབས་འདྲ་པར།

༈   ༈གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དགོན་པའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལྟར། མཁས་དབང་དགེ་བཤེས་བེ་རི་འཇིགས་མ...
29/05/2024

༈ ༈གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོ་དགོན་པའི་༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་གི་བཀའ་སློབ་ལྟར། མཁས་དབང་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་མཆོག་འདི་ག་གདན་སའི་དཔེ་མཛོད་ཁང་དུ་གདན་ཞུས་ཀྱིས་སྤྱི་ཟླ་༤ཚེས་༢༩་སྤྱི་ཟླ་༥ཚེས་༢༨བར་ཟླ་ངོ་གཅིག་རིང་ལ་གདན་སའི་སློབ་གཉེར་བ་རྣམས་ལ་སྙན་ངག་སློབ་ཁྲིད་སྐུ་ངལ་འཛེམས་མེད་ཐོག་གནང་བར། གུས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་ནས། ༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ལ་བཀའ་དྲིན་ཆེ་ཞུ་བ་དང་། རྒན་བེ་རི་འཇིགས་མེད་དབང་རྒྱལ་མཆོག་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ད་ལམ་སློབ་གཉེར་བ་རྣམས་པ་ཚོར་ཕན་ཐོགས་ཆེན་པོ་བྱུང་འདུག་པས། མ་འོངས་པར་འདི་འདྲའི་གོ་སྐབས་འཐོབ་རྒྱུའི་རེ་བསྐུལ་ཞུ་རྒྱུ་བཅས།

གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་ནས་ཕྱི་ལོ་༢༠༢༤་ཟླ་༥་ཚེས་༢༩་ཉིན།།

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༢༥ ཉིན་འདི་བདེ་ལྡན་ཞིང་གི་མགོན་པོ་༸ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗ...
24/04/2024

དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༠༤ ཚེས་ ༢༥ ཉིན་འདི་བདེ་ལྡན་ཞིང་གི་མགོན་པོ་༸ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་༸རྗེ་བཙུན་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་སོ་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་གུས་ཅག་འདི་ག་དཔེ་མཛོད་ཁང་ནས་དགའ་སྐྱོ་ཟུང་འབྲེལ་ངང་སྒོ་གསུམ་དངས་བ་ཆེན་པོས་མགོན་པོ་མཆོག་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བདང་འབྲེལ། མགོན་པོ་མཆོག་དགུང་གྲངས་དྲུག་ཐོག་གང་ཉིད་དང་ཡབ་ཡུམ་བཀྲས་ལྷུན་དགོན་པའི་དབུ་འཛིན་སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་སོགས་སྐུ་འཁོར་ལྷན་རྒྱས་རྒྱ་དམར་གྱིས་བཙོན་བཅུག་བྱས་ནས་ད་བར་མི་ལོ་སུམ་ཅུའི་ནང་རྒྱ་མིའི་བཙོན་ཁང་གང་དུ་བཞུགས་ཡོད་མིན་དང་ཐ་ན་སྐུ་འཚོ་བཞུགས་ཡིན་མིན་སྐོར་ལ་བོད་མི་ཕར་བཞག འཛམ་གླིང་མི་སྣ་ཆེ་ཆུང་སུ་ཞིག་གིས་ཀྱང་ཤེས་གྱི་མེད་པའི་གནས་སྟངས་ཧ་ཅང་ཐབ་སྡུག་དང་ཞེ་སྣང་ཅན། མི་སྤྱོད་ལས་འདས་པའི་གདུག་བརྩུབ་ཅན་གྱི་ཐ་ཤལ་གྱི་བྱེད་སྟངས་འདི་ལ་འཛམ་གླིང་མི་མང་ཡོངས་ནས་ད་བར་གནོན་ཤུགས་སྤྲད་དང་སྤྲོད་བཞིན་པར་ཡི་རངས་དང་། མུ་འཐུད་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཐོག་ནས་སྔར་ལས་ལྷག་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་དང་། རིང་མིན་༸དགོན་པོ་མཆོག་དང་བྱ་བྲལ་རིན་པོ་ཆེ་ལྷན་རྒྱས་རྒྱ་དམར་གྱི་མུན་བཙོན་ལས་ཐར་ཏེ་རང་གི་གདན་སར་༸ཞབས་སོར་མངོན་གྱུར་ཐུབ་པ་མ་ཟད། གངས་ཅན་མགོན་པོ་རྒྱལ་བ་ཡབ་སྲས་རྣམ་གཉིས་གསེར་ཞལ་ཉི་ཟླ་ལྷན་འཛོམས་ཀྱི་བྱམས་བརྩེའི་འོད་སྣང་དཀར་པོས་འཛམ་གླིང་སྤྱི་དང་། ཡང་སྒོས་གངས་ཅན་ལྗོངས་སུ་ཆོས་འབྱོར་བདེ་སྐྱིད་ཀྱི་ཞི་བདེའི་དཔལ་ཡོན་གྱིས་ཁྱབ་པའི་བཀྲ་ཤིས་སྨོན་འདུན་བཅས། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་ནས།

༑ རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྙན་ལམ་དུ། འདི་ག་གདན་ས་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་ནས་ཚད་ཆེན་དཀའ་འགྲེལ་རྩ་སྦྱར་མ་སླར་ཡང་...
17/04/2024

༑ རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྙན་ལམ་དུ། འདི་ག་གདན་ས་བཀྲ་ཤིས་ལྷུན་པོའི་དཔེ་མཛོད་ཁང་ནས་ཚད་ཆེན་དཀའ་འགྲེལ་རྩ་སྦྱར་མ་སླར་ཡང་དེབ་ཕྲེང་གཉིས་པ་དང་གསུམ་པ་པར་བསྐྲུན་ཞུས་ཟིན་ཡོད་པས། དོན་གཉེར་བ་རྣམས་ལ་ཐུགས་མཁོ་མཆིས་ཚེ་འདི་ག་དཔེ་མཛོད་ཁང་ལ་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། འབྲེལ་བ་གནང་ཡུལ། 8904038870} 9380906450}

Losar Tibetan New Year 2151, Year of the Wood Dregon
09/02/2024

Losar Tibetan New Year 2151, Year of the Wood Dregon

༸སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ཞུ་དག་ཉིན་ཉི་ཤུ་རྩ་གཉིས་པ།།
08/11/2023

༸སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ཞུ་དག་ཉིན་ཉི་ཤུ་རྩ་གཉིས་པ།།

༄༅། །འདི་ག་རང་གདན་དཔེ་མཛོད་ཁང་དུ་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་བཞིན་པའི་དགེ་འདུན་པ་ཁག་ཅིག་ནས་༸སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁ...
15/10/2023

༄༅། །འདི་ག་རང་གདན་དཔེ་མཛོད་ཁང་དུ་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་བཞིན་པའི་དགེ་འདུན་པ་ཁག་ཅིག་ནས་༸སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་རིམ་བྱོན་གྱི་གསུང་འབུམ་ཞུ་དག་གནང་བཞིན་པའི་བརྙན་པར། ཕྱི་ལོ་༢༠༢༣ ཟླ་༩ ཚེས་༡༥ ཉིན།

Address

PO Bylakuppe
Kushalnagar
571104

Telephone

+918223253709

Website

Alerts

Be the first to know and let us send you an email when Tashi Lhunpo Library Bylakuppe posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share