Tibetan Youth Congress

Tibetan Youth Congress (TYC) is one of the largest & most active Tibetan NGO with a legacy of political activism & Advocacy.
(212)

21/06/2026

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།
Press Conference on the Visit of Chinese Foreign Minister Wang Yi to India for the BRICS Summit

ནིའུ་ཡོག་གྲོང་ཁྱེར། ༢༠༢༦ ལོའི་ཟླ་༦ ཚེས་༡༠ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ནིའུ་ཡོག་དང་ནིའུ་ཇར་སི་ས་ག...
18/06/2026

ནིའུ་ཡོག་གྲོང་ཁྱེར། ༢༠༢༦ ལོའི་ཟླ་༦ ཚེས་༡༠ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ནིའུ་ཡོག་དང་ནིའུ་ཇར་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་ཟླ་རེའི་ཚེས་བཅུ་ངོ་རྒོལ་ལས་འགུལ་ནང་མཉམ་ཞུགས་གནང་ཡོད།
གཞོན་ལྷན་ཚོགས་གཙོས་ལས་འགུལ་སྐབས་གཏམ་བཤད་གནང་སྐབས། བོད་ནང་གི་ད་ལྟའི་གནས་སྟངས་སྐོར་དང་། བོད་ཀྱི་རང་བཙན་ལས་འགུལ་སྲ་བརྟན་གཏོང་རྒྱུའི་གལ་ཆེན་རང་བཞིན་སྐོར་གསུངས་ཡོད། ཁོང་གིས་བཙན་བྱོལ་བོད་མི་ཚོས་ལས་འགུལ་ལ་དེ་བས་ཧུར་ཐག་ཞུགས་དགོས་པ་དང་། མཉམ་རུབ་ཀྱིས་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད།
ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་གིས་“མི་རིགས་མཐུན་སྒྲིལ་གྱི་ཁྲིམས་”ཟེར་བ་དེ་མེད་པར་བཟོ་དགོས་པའི་སྐོར་དང་། དེས་བོད་མིའི་ངོ་བོ་དང་། རིག་གཞུང་། སྐད་ཡིག ཆོས་དད་རང་དབང་བཅས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཀྱི་ཡོད་པར་ཚང་མེས་དོ་ནང་བྱེས་དགོས་པ་སྐོར་ནན་པོ་སུང་ཡོད་།

New York, June 10, 2026 — The President of the Tibetan Youth Congress joined the monthly protest campaign organized by the Regional Tibetan Youth Congress New York & New Jersey near the China Consulate in New York. The demonstration was held in remembrance of March 10, the anniversary of the 1959 Tibetan National Uprising.
Addressing the gathering, the TYC President spoke about the current situation inside Tibet and emphasized the importance of strengthening the Tibetan freedom movement. He urged Tibetans in the diaspora to contribute more actively to the cause and work collectively to raise international awareness about Tibet.
The President also called on the government of China to abolish the so-called "Ethnic Unity Law," expressing concerns about its impact on Tibetan identity, culture, language, and religious freedom.
The monthly campaign reaffirmed the commitment of Tibetan activists and supporters to advocating for the rights and freedom of the Tibetan people through peaceful.

ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༩ ཉིན་ཕྱི་དྲོའི་ཆུ་ཚོད་ ༥:༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ནིའུ་ཡོག་དང་། ནིའུ་ཇ...
18/06/2026

ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༩ ཉིན་ཕྱི་དྲོའི་ཆུ་ཚོད་ ༥:༣༠ ཐོག་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ནིའུ་ཡོག་དང་། ནིའུ་ཇར་སི། མི་ནི་སོ་ཊ་བཅས་ཀྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམས་དང་གཞོན་ནུ་དབུས་རྒྱུན་ཟུར་པ་ཡི་ཤེས་བསྟན་འཛིན་ལགས་།
ཤར་ཏུར་ཀི་སི་ཐན་བཙན་བྱོལ་གཞུང་གི་ཕྱི་སྲིད་དང་བདེ་སྲུང་བཀའ་བློན་སཱ་ལི་ཧུ་ཌ་ཡར་མཆོག་དང་མཇལ་འཕྲད་གནང་ཡོད། རྒྱལ་ས་ཝ་ཤིང་ཊོན་ཌི་སི་ནང་ཡོད་པའི་ལས་ཁུངས་སུ་
མཇལ་འཕྲད་སྐབས་ཕྱོགས་གཉིས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཤར་ཏུར་ཀི་སི་ཐན་བར་གྱི་འབྲེལ་བ་དང་མཉམ་ལས་སྔར་བས་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་ལ་གྲོས་བསྡུར་གནང་། གྲོས་བསྡུར་དེའི་ནང་མཉམ་ལས་རྒྱ་སྐྱེད་གཏོང་བ་དང་། ཕན་ཚུན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་བ། བོད་པ་དང་ཡུ་གུར་བ་རྣམས་ལ་འཕྲད་པའི་དཀའ་ངལ་སྐོར་གོ་རྟོགས་སྤེལ་བ། འགྲོ་བ་མིའི་ཐོབ་ཐང་དང་རང་བཙན་གྱི་ལས་འགུལ་ལ་མཉམ་འབྲེལ་བྱ་རྒྱུའི་སྐོར་གྲོས་བསྡུར་བྱས།
ཚོགས་འདུ་དེས་བོད་རྒྱལ་ཁབ་དང་ཤར་ཏུར་ཀི་སི་ཐན་གཉིས་ཀྱི་རང་བཙན་གི་དམིགས་ཡུལ་མཉམ་སྒྲུབ་ཆེད་མུ་མཐུད་གྲོས་མོལ་དང་མཉམ་ལས་བྱ་རྒྱུའི་ཆོད་སེམས་བསྐྱར་ནན་གནང་ཡོད།

On June 9, 2026, at 5:30 PM, the President of the Tibetan Youth Congress, together with the Presidents of the Regional Tibetan Youth Congress chapters of New York, New Jersey, and Minnesota and Former TYC member Yeshi tenzin la, held a meeting with Mr. Salih Hudayar, Minister of Foreign Affairs and Security of the East Turkistan Government-in-Exile, at the Washington, D.C. office.
During the meeting, both sides discussed strengthening relations and cooperation between the Tibetan Youth Congress and the East Turkistan movement. The discussion focused on expanding collaboration, promoting mutual support, raising international awareness of the challenges faced by Tibetans and Uyghurs, and coordinating advocacy efforts related to human rights, freedom, and self-determination.
The Meeting reaffirmed our commitment to continued dialogue and cooperation in pursuit of their shared goals to independence Tibet and East turkistan.

རང་བཙན་གྱི་གཅིག་པུར་རྒྱུག་པའི་དཔའ་བོ།            ༼ལྷ་བཟང་ཚེ་རིང་གི་རྗེས་དྲན་དུ།༽གཞོན་ནུའི་སྙིང་སྟོབས་བཙན་པོའི་རང་བཞིན་ཅན...
16/06/2026

རང་བཙན་གྱི་གཅིག་པུར་རྒྱུག་པའི་དཔའ་བོ།
༼ལྷ་བཟང་ཚེ་རིང་གི་རྗེས་དྲན་དུ།༽

གཞོན་ནུའི་སྙིང་སྟོབས་བཙན་པོའི་རང་བཞིན་ཅན། །
འཁྱོག་པོའི་ཞི་བདེའི་ལམ་ལ་མ་ཆགས་པར། །
གསང་བའི་དམག་སྒར་གཏུམ་པོའི་དཔུང་ནས་ཀྱང་། །
རྒྱལ་ཁབ་རང་བཙན་བགྲོད་ལམ་ཉིད་དུ་བསྙེགས། །

འཛམ་གླིང་སྤྱན་གྱིས་གཟིགས་པའི་རིག་པ་རྣོ། །
སྤྱང་གྲུང་འཛོམས་པའི་རྒྱལ་གཅེས་དཔའ་བོ་མཆོག །
སློབ་གྲྭའི་ར་བ་ཉིད་ནས་ས་བོན་བསྐྲུན། །
བཙན་བྱོལ་ཟུག་རྔུའི་ཁྲོད་དུ་རེ་བ་སྦྱིན། །

སྣར་ཐང་པར་ཁང་ལྕགས་པར་འོད་སྣང་ལས། །
བཙན་གནོན་འོག་གི་བདེན་པའི་སྐད་སྒྲ་དཔར། །
གཞོན་ནུ་ལྷན་ཚོགས་དབུ་ཁྲིད་མགོན་གྱུར་ནས། །
བོད་ཀྱི་སྤོབས་པའི་དར་ཆ་མཐོན་པོར་བསྒྲེངས། །

ཞིབ་འཇུག་ལས་ལ་ཕོགས་ཐོབ་མ་གཉེར་བར། །
བྱང་ལམ་ཉི་མའི་གྲིབ་བསིལ་འོག་ཏུ་བཞུགས། །
དཔའ་བོའི་སྨྱུག་རྩེ་སྐྱོན་བརྗོད་ལྕེ་ལས་ནི། །
གཙང་མའི་རང་བཙན་གླུ་དབྱངས་སྙན་པོར་བླངས། །

ཉེན་ཁ་ཆེ་བའི་འགག་འཕྲང་མི་ཚེའི་ནང་། །
གཞན་དག་ཤེལ་བཞིན་ཆག་ཀྱང་འགྱུར་མེད་ལངས། །
གོང་མའི་ཕྱག་གི་བཀུར་བཟོས་མཐོན་པོ་ཡིས། །
གཅེས་པའི་ཕ་ཡུལ་དོན་དུ་ཞབས་ཞུས་བསྒྲུབས། །

དོན་སྙིང་ལྡན་པའི་བུ་མཆོག་སྙིང་སྟོབས་ཅན། །
སྔོན་གྱི་དམ་བཅའ་ཉིད་ལ་དྲང་བདེན་མཛད། །
བསྔགས་བརྗོད་གུས་འདུད་མེ་ཏོག་གཏོར་བ་ནི། །
ཞུམ་པ་མེད་པའི་གཏན་གྱི་སྲུང་མ་ལའོ། །
Thupten Ciren Jr.

16/06/2026
14/06/2026

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། བོད་རང་བཙན་འཐབ་རྩོད་པ་ལྷ་བཟང་ཚེ་རིང་དམ་པ་དེ་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ།

14/06/2026
ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༦ ཚེས་ ༨ ནས་ ༩ བར་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་། ནིའུ་ཡོག་དང་ན...
13/06/2026

ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༦ ཚེས་ ༨ ནས་ ༩ བར་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་། ནིའུ་ཡོག་དང་ནིའུ་ཇར་སི། མི་ནེ་སོ་ཊ་བཅས་ཀྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམས་མཉམ་ཞུགས་ཀྱིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཝ་ཤིང་ཊོན་ཌི་སི་རུ་གོ་སྒྲིག་བྱས་པའི་བོད་དོན་ཞུ་གཏུགས་ལས་འགུལ་གྱི་ལས་རིམ་ནང་མཉམ་ཞུགས་གནང་ཏེ་ཞུ་གཏུགས་གི་ལས་དོན་མ་གནང་གོང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་བཅར་སྟེ། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་མཆོག་དང་མཇལ་འཕྲད་ཞུས་ཏེ་བྱང་ཨ་རིའི་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་དོན་དང་མ་འོངས་པའི་ལས་འཆར་སྐོར་ལ་བཀའ་མོལ་ཞུས།
བོད་དོན་ཞུ་གཏུགས་ཉིན་མོའི་སྐབས་སུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་གཞོན་ལྷན་ཚོགས་གཙོ་རྣམས་གཉིས་དང་ལྷན་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་གི་ལས་ཁུངས་སུ་བཅར་ནས། མ་སེ་ཆུ་སེཊ་མངའ་སྡེའི་འཐུས་མི་སྐུ་ཞབས་ཇེམ་སི་པི་མེག་གྷོ་ཝན་ལགས་དང་། ཊེག་ས་སི་མངའ་སྡེའི་འཐུས་མི་སྐུ་ཞབས་མའི་ཁལ་ཊི་མེག་ཁོལ་ལགས། པེན་སིལ་ཝ་ནི་ཡ་མངའ་སྡེའི་འཐུས་མི་སྐུ་ཞབས་སི་ཀོཊ་པེར་རི་ལགས། ཝ་ཤིང་ཊོན་མངའ་སྡེའི་འཐུས་མི་སྐུ་ཞབས་པྲ་མི་ལ་ཇ་ཡ་པལ་ལགས། ཧྥི་ལོ་རི་ཌ་མངའ་སྡེའི་འཐུས་མི་སྐུ་ཞབས་རིཀ་སི་ཀོཊ་ལགས། ཨོ་རི་གྷོན་མངའ་སྡེའི་འཐུས་མི་སྐུ་ཞབས་ཇེཕ་མེར་ཀི་ལི་བཅས་ཀྱི་ཡིག་ཚང་ལས་བྱེད་མཉམ་མཇལ་འཕྲད་ཞུས་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚབ་བྱས་ཏེ། འཐུས་མི་རྣམས་དང་འཐུས་ཚབ་རྣམས་ལ་བོད་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུའི་ཡི་གེ་ཕུལ། དེ་བཞིན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་ཡི་གེ་ཞིག་ཀྱང་ཕུལ་ནས། རྒྱལ་སྤྱིའི་དོ་སྣང་དགོས་པའི་གནད་དོན་གལ་ཆེན་དྲུག་ངོ་སྤྲོད་ཞུས་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྷག་པར་དུ་སེན་ཊར་རིཀ་སི་ཀོཊ་དང་སེན་ཊར་ཇེཕ་མེར་ཀི་ལི་རྣམ་གཉིས་ཀྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་དྲན་རྟེན་ཉིན་མོ་ཡིན་པར་བརྟེན། བོད་ནང་ཀྱི་བོད་མིར་རྒྱ་གཞུང་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་ལ་བརྟག་དཔྱད་ཀྱི་ཁྲིམས་འཆར་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ་ཞུས་ཡོད། དེ་བཞིན་མཱ་ས་ཆུ་སེཊ་མངའ་སྡེའི་འཐུས་མི་ཇེམ་སི་པི་མེག་གྷོ་ཝན་དང་། ཊེག་ས་སི་མངའ་སྡེའི་འཐུས་མི་མའི་ཁལ་ཊི་མེག་ཁོལ་རྣམ་གཉིས་ཀྱིས་ཕྱི་ལོ་ ༢༠༢༦ ལོའི་བོད་ཀྱི་མ་འོངས་དང་བཙན་བྱོལ་བོད་གཞུང་ངོས་ལེན་ཁྲིམས་འཆར་ (H.R. 8982) ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
སྐུ་ཚབ་ཚོགས་པ་དེས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རུ་སེལ་སེན་ཊ་དོན་གཅོད་ཁང་དུ་གོ་སྒྲིག་བྱས་པའི་དགོང་མོའི་སྣེ་ལེན་མཛད་སྒོར་མཉམ་ཞུགས་བྱས་ནས། ཨ་རིར་གནས་སྡོད་བོད་མི་རྣམས་དང་མཇལ་མོལ་གནང་། དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ནེན་སི་པི་ལོ་སི་དང་མཇལ་མོལ་གནང་། ཁོང་ནི་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་གནང་མཁན་གལ་ཆེན་ཞིག་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གྲོགས་པོ་ཉེ་པོ་ཞིག་ཡིན།
ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༦ ཚེས་ ༩ ཉིན། ཝ་ཤིང་ཊོན་ཌི་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཟུར་པ་རྣམས། ཝ་ཤིང་ཊོན་ཌི་སི་རུ་གནས་སྡོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་དགོང་མོའི་གསོལ་སྟོན་ཞིག་གོ་སྒྲིག་བྱས་ཏེ་གླེང་མོལ་ནང་ལས་འགུལ་སྤེལ་སྟངས་དང་། དྲིལ་བསྒྲགས་འཐབ་ཇུས་སྐོར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་རང་དབང་རང་བཙན་འཐབ་རྩོད་ནང་ལས་འགུལ་སྤེལ་བའི་ལོ་རྒྱུས་བཅས་ཀྱི་ཐོག་ལ་གྲོས་བསྡུར་གནང་བའི་གོ་སྐབས་བཟང་པོ་ཞིག་བྱུང་ཡོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཝ་ཤིང་ཊོན་ཌི་སི་བོད་དོན་ཞུ་གཏུགས་ཉིན་མོའི་ལས་འགུལ་སྐབས་སུ། དངུལ་རྩིས་ཀྱི་རོགས་རམ་གནང་མཁན་དབུས་རྒྱུན་ལས་ཟུར་པ་ཡེ་ཤེས་བསྟན་འཛིན་ལགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ཁོང་གིས་ཞུ་གཏུགས་ལས་དོན་ནང་ཧུར་ཐག་གནང་བ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་བོད་དོན་ཞུ་གཏུགས་ལས་འགུལ་མཉམ་ཞུགས་བྱེད་པའི་གོ་སྐབས་གནང་བར་ཡང་བཀའ་དྲིན་ཆེ་ཞུས། དེ་བཞིན་ཝ་ཤིང་ཊོན་ཌི་སི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་གཡུ་སྒྲོན་ལགས་དང་། རྒན་བསོད་ནམས་ལགས། རིན་ཆེན་ཆོས་སྒྲོན་ལགས་བཅས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་རྣམ་པས་སྣེ་ལེན་གཟབ་རྒྱས་གནང་བ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། ནིའུ་ཡོག་དང་ནིའུ་ཇར་སི། མི་ནེ་སོ་ཊ་བཅས་ཀྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམས་ལ་སྣེ་ལེན་གང་གཟབ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༦ ལོའི་ཨ་རིའི་ནང་བོད་དོན་ཞུ་གཏུགས་ཉིན་མོའི་ལས་འགུལ་དེ་དག་ནི། ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་དང་འབྲེལ་བ་ཤུགས་ཆེ་རུ་གཏོང་ཐུབ་པ་བྱུང་བ་དང་། བོད་རྒྱལ་ཁབ་དང་བོད་མི་མང་གི་དོན་དུ་རྒྱལ་སྤྱིའི་རྒྱབ་སྐྱོར་བསྐྱར་དུ་བརྟན་དུ་གཏོང་བའི་ལས་དོན་ལེགས་གྲུབ་དང་ཕན་ཐོགས་ཆེན་པོ་བྱུང་ཡོད་པས་ལས་འགུལ་གོ་སྒྲིག་པ་དང་ཞུ་གཏུགས་ལས་འགུལ་ནང་མཉམ་ཞུགས་གནང་མཁན། དེ་བཞིན་འབྲེལ་ཡོད་མཐུན་འགྱུར་རོགས་རམ་གནང་མཁན་ཡོངས་ལ་གཞོན་ལྷན་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

On 8–9 June 2026, Mr. Tsering Chomphel, President of the Tibetan Youth Congress, participated in the Tibet Lobby Day organized by the International Campaign for Tibet in Washington, D.C., together with representatives from the Regional Tibetan Youth Congress chapters of New York–New Jersey and Minnesota.
Prior to the lobbying activities, the Tibetan Youth Congress President visited the Office of Tibet and met with Dr. Namgyal Choedup, Representative for North America. They held discussions on the activities and future programs of the Tibetan Youth Congress in the United States.
During Tibet Lobby Day, the Tibetan Youth Congress delegation visited the offices of several members of the United States Congress, including Representative James P. McGovern (Massachusetts), Representative Michael T. McCaul(Texas), Representative Scott Perry (Pennsylvania), Representative Pramila Jayapal (Washington), Senator Rick Scott(Florida), and Senator Jeff Merkley (Oregon).
On behalf of the Tibetan Youth Congress, letters were submitted to the Representatives and Senators expressing gratitude for their continued support on the Tibetan freedom movement. The delegation also presented a letter highlighting the ongoing urgent situation inside Tibet and outlining six key concerns requiring international attention.
The Tibetan Youth Congress particularly expressed appreciation to Senator Rick Scott and Senator Jeff Merkley for observing Martyrs Day on 29 April of the Tibetan Youth Congress, and introducing bill the Tibet Atrocities Determination Act. The delegation also thanked Representative James P. McGovern and Representative Michael T. McCaul for introducing bill the Assuring the Future of Tibet Act of 2026 (H.R. 8982).
The delegation attended an evening reception organized by the International Campaign for Tibet at the Russell Senate Office Building, where we met members of the Tibetan community residing in the United States. Also had the opportunity to meet former Speaker of the U.S. House of Representatives Nancy Pelosi, a longstanding supporter of the Tibetan freedom movement and a close friend of His Holiness the 14th Dalai Lama. The event provided an excellent platform for strengthening support and advancing advocacy efforts for Tibet.
On 9 June, a dinner program was hosted by the Regional Tibetan Youth Congress Washington, D.C. Working Committee, former Central Executive members of the Tibetan Youth Congress, and local TYC members residing in Washington, D.C. The gathering provided an opportunity for productive discussions on activism, advocacy strategies, and the history of TYC's campaigns in the Tibetan freedom struggle.
The Tibetan Youth Congress extends its sincere gratitude to former TYC Central Executive member Yeshi Tenzin la for his generous financial assistance during the Washington, D.C. Lobby Day, his active participation in the lobbying efforts, and for sharing his valuable experiences.
Thank you to International Campaign for Tibet to gave Tibetan Youth Congress to participate in Tibet Lobby Day in Washington DC. Special thanks are also extended to RTYC Washington, D.C. President Youdon la, Gen Sonam, and Rinzin Choedon for their warm hospitality and for accommodating President of the Tibetan Youth Congress, RTYC New York–New Jersey, and RTYC Minnesota during their stay in Washington, D.C.
The Tibetan Youth Congress considers the 2026 Tibet Lobby Day a fruitful and successful initiative that strengthened engagement with U.S. lawmakers and reaffirmed international support for the just cause of Tibet and the Tibetan people.

Address

Tipa Road Mcleod Ganj
Dharamsala
176219

Opening Hours

Monday 9am - 5pm
Tuesday 9am - 5pm
Wednesday 9am - 5pm
Thursday 9am - 5pm
Friday 9am - 5pm
Saturday 9am - 5pm

Telephone

+917832846846

Alerts

Be the first to know and let us send you an email when Tibetan Youth Congress posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Organization

Send a message to Tibetan Youth Congress:

Share