Sakya Centre India

Sakya Centre India Official page of Sakya Centre. We are afraid to say that we do not response on fb messenger

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢  ཉིན་ས་སྐྱ་ཆོས་སྒར་གྱི་དགེ་འདུན་བགྲེས་གཞོན་བར་གསུམ་ཡོངས་ནས་མེས་པོ་དམ་པ་གྷན་དྷི་ཇི་འཁྲུངས་སྐར་རྒ...
02/10/2026

དེ་རིང་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་ས་སྐྱ་ཆོས་སྒར་གྱི་དགེ་འདུན་བགྲེས་གཞོན་བར་གསུམ་ཡོངས་ནས་མེས་པོ་དམ་པ་གྷན་དྷི་ཇི་འཁྲུངས་སྐར་རྒྱ་གར་གཙང་བཟོའི་ཉིན་མོ་དུས་ཆེན་སྲུང་བརྩི་ཞུས་པ།
2/10/2026 Gandhi Jayanti, Swachh Bharat Mission, Swachh Bharat Abhiyan.

12/09/2026

༄༅། ཐད་གཏོང་། དཔལ་ས་སྐྱ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགུང་ལོ་༨༢ ལོན་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་བསུ། བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱི་གྲུབ་པའི་སྨོན་འདུན་བཅས་ཞུ།

🙏 Live: 82nd Birthday Celebration of H.H. The 41st Sakya Trichen Rinpoche. Prayers for Long Life, Good Health & the Flourishing of His Dharma Activities

༄༅། ཕྱི་ལོ་༢༠༢༦ ཟླ་༩ ཚེས་༩ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གསུམ...
09/09/2026

༄༅། ཕྱི་ལོ་༢༠༢༦ ཟླ་༩ ཚེས་༩ ཉིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཚོགས་མགོན་དུ་དབུ་བཞུགས་ཐོག་འདི་གའི་འདུས་ཚོགས་ནས་བལ་བོད་ས་མཚམས་ཁུལ་དུ་ཆུ་རུད་ཀྱི་རྐྱེན་པས་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་ཀུན་རིག་ཆོ་ག་དང་བྱང་ཆོག་གསུངས་གནང་མཛད་པ།

On 9/Sep/2026 under the presence and leadership of His Holiness the Great Vajradhara, the Sakya Gongma Trichen Rinpoche, and His Holiness the 43rd Sakya Trizin, Gyana Vajra Rinpoche, the monastic community here performed the Kunrig (Sarvavidya) ritual and Jangchok purification prayers for those who lost their lives due to the devastating floods in the Nepal–Tibet border region.

09/09/2026

🙏 ཐད་གཏོང་། དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་ཞེ་གཅིག་པ་ཆེན་པོ་མཆོག་གི་དབུ་བཞུགས་ཐོག ཉེ་ཆར་བལ་བོད་ས་མཚམས་སུ་གློ་བུར་ཆུ་ལོག་གི་གོད་ཆག་དབང་གིས་སྐུ་འདས་གྲོང་དུ་ཕྱིན་པའི་གཤིན་པོ་རྣམས་ཀྱི་གཙོས་པས་མ་འགྱུར་སེམས་ཅན་ཚེ་ལས་འདས་པ་དང་འདས་མ་རྣམས་བདེ་བར་སྐྱེ་བ་དང་ཐར་པ་མྱུར་དུ་ཐོབ་པའི་ཆེད་དུ་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཆོ་ག་གསུངས་བཞིན་པ། 🙏

🙏 LIVE | Mahāvarochana Puja for the Swift Rebirth and Liberation of the Deceased 🙏 In the Auspicious Presence of His Holiness the 41st Sakya Trichen Rinpoche A Sacred Prayer Offering for the Deceased Who Lost Their Lives in the Recent Flash Floods of Nepal, Tibet Border. Aspiring for Their Peaceful Rebirth and Liberation from Suffering.

༄༄། ཕྱི་ལོ། ༢༠༢༦ ར་པུར་ས་སྐྱ་ཆོས་སྒར་དུ་ཕུར་པའི་སྒྲུབ་མཆོད་ཆེན་མོ་ཚོགས་བརྡའི་གསལ་བསྒྲགས།2026 Announcement for Annual Vaj...
22/07/2026

༄༄། ཕྱི་ལོ། ༢༠༢༦ ར་པུར་ས་སྐྱ་ཆོས་སྒར་དུ་ཕུར་པའི་སྒྲུབ་མཆོད་ཆེན་མོ་ཚོགས་བརྡའི་གསལ་བསྒྲགས།
2026 Announcement for Annual Vajra Kilaya Grand puja festival at Sakya Centre, Rajpur.

༄༄། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ། བོད་གངས་ཅན་ལྗོངས་ཀྱི་ལྷ...
06/07/2026

༄༄། ལྷར་བཅས་སྲིད་ཞིའི་གཙུག་རྒྱན། འཛམ་གླིང་ཞི་བདེའི་དེད་དཔོན། དུས་རབས་ཉེར་གཅིག་པའི་སྟོན་པ་ཆེན་པོ། བོད་གངས་ཅན་ལྗོངས་ཀྱི་ལྷ་སྐལ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད། སྤྱི་ནོར་༧ གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་གོ་གཅིག་ལ་་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོར་དཔལ་ས་སྐྱའི་གདན་ས་ས་སྐྱ་ཆོས་སྒར་འདུས་སྤྱི་ནས་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་མཆོད་ཆོག་གསུངས་གནང་གིས་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་ཞུས་དང་སྦྲགས་གདན་སའི་འདུས་ཚོགས་སྤྱི་མགྲིན་ནས་མགོན་པོ་གང་ཉིད་ལ་སྒོ་གསུམ་གུས་ཕྱག་སྔོན་དུ་འགྲོ་བའི་འཁྲུངས་སྐར་འཚམས་འདྲི་དང་བཅས་འཛམ་གླིང་སྐྱེ་འགྲོ་སྤྱི་དང་ཁྱད་པར་གངས་ཅན་བསྟན་འགྲོའི་དཔལ་མགོན་དམ་པར་སྐུ་ཚེ་ཡུན་རིང་བརྟན་ཅིང་མཛད་འཕྲིན་རྒྱས་པ་དང་ཐུགས་བཞེད་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་གསོལ་འདེབས་ཤུགས་དྲག་རྩེ་གཅིག་ཏུ་ཞུ།

Today, 6 July, marks the auspicious 91st birthday of His Holiness the 14th Dalai Lama, To honor this sacred occasion, we held special religious ceremony, performing the rituals of the Three Longevity Deities—Amitayus, White Tara, and Ushnishavijaya—for His Holiness’s continued long life, excellent health, and enduring spiritual presence.
May His Holiness live a long, healthy, and joyful life.May his boundless wisdom and compassion continue to illuminate the path for all sentient beings, bringing peace, harmony, and enlightenment throughout the world.We pray for his wishes to be swiftly fulfilled and for his noble activities to flourish endlessly.

ཡིད་སྐྱོའི་གནས་ཚུལ།༄༅། ཨ་རིར་རྟེན་གཞི་བྱས་པའི་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་རང་ཉིད...
04/07/2026

ཡིད་སྐྱོའི་གནས་ཚུལ།

༄༅། ཨ་རིར་རྟེན་གཞི་བྱས་པའི་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་ཀྱང་ཕངས་མེད་ཀྱིས་སྐུ་ལུས་མེར་སྲེག་ཕུལ་ཏེ་སྐུ་གྲོངས་པའི་གནས་ཚུལ་བྱུང་བར་འདི་གའི་འདུས་མང་ཡོངས་ཀྱིས་མྱ་ངན་གུས་འདུད་དང་འབྲེལ་ཐུགས་སྨོན་ཞུ་བ་དང་། ལྷག་པར་དུ་དམ་པ་ཁོང་གི་བོད་བསྟན་སྲིད་མི་རིགས་འདིར་བཅངས་པའི་ལ་རྒྱ། ཆོད་སེམས། སྙིང་སྟོབས་ཞུམ་པ་མེད་པ་དེར་ཡིད་རང་བསྔགས་བརྗོད་ཞུ་ཞུ་ཞུ། ས་སྐྱ་ཆོས་སྒར་འདུས་མང་ནས།།

22/05/2026
༄༅། གལ་ཆེའི་གསལ་བསྒྲགས།IMPORTANT ANNOUNCEMENT
13/01/2026

༄༅། གལ་ཆེའི་གསལ་བསྒྲགས།
IMPORTANT ANNOUNCEMENT

༄༄། ས་སྐྱ་ཆོས་སྒར་དུ་ལོ་མང་ལས་ཁུངས་ཕྱག་ལས་གནང་མཁན་ལས་བྱེད་བསོད་ནམས་སྟོབས་རྒྱལ་ཁ་རྩང་སྨན་ཁང་དུ་འདས་གྲོངས་སོང་བས་ཚེ་འདས་བས...
23/11/2025

༄༄། ས་སྐྱ་ཆོས་སྒར་དུ་ལོ་མང་ལས་ཁུངས་ཕྱག་ལས་གནང་མཁན་ལས་བྱེད་བསོད་ནམས་སྟོབས་རྒྱལ་ཁ་རྩང་སྨན་ཁང་དུ་འདས་གྲོངས་སོང་བས་ཚེ་འདས་བསོད་སྟོབས་ཆེད་དམིགས་༧འཁོན་གདུང་ཨ་ཀཱ་ཤ་བཛྲ་རིན་པོ་ཆེ་མཆོག་དང་རྗེ་བཙུན་སྐུ་བགྲེས་མཆོག་ཚོགས་མགོན་དབུ་བཞུགས་ཐོག་དགོན་པའི་མཁན་བླ་འདུས་ཚོགས་ནས་སྨོན་ལམ་གསུང་གནང་དང་འབྲེལ་ཐུགས་སྨོན་སྐྱབས་འཇུག་མཛད་པ།
ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ།

Address

187 Rajpur Road
Dehra Dun
248009

Alerts

Be the first to know and let us send you an email when Sakya Centre India posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Organization

Send a message to Sakya Centre India:

Shortcuts

Share