30/07/2026
࿐ དབྱར་གནས་བཞུགས་པ་དང་། ཞབས་རིམ་འགྲུབ་བཞིན་པ།
( Please scroll down for English)
༅༅། །དཔལ་འབྲི་གུང་བཀའ་བརྒྱུད་བྱེས་ཀྱི་གདན་ས་ཆེན་མོ་འཕགས་ཡུལ་བྱང་ཆུབ་གླིང་གི་གཙུག་ལག་ཁང་དུ་དགེ་སློབ་ཡོངས་ནས་བསྟན་པའི་རྩ་བ་དམ་ཆོས་འདུལ་བའི་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་གྱི་ཡ་གྱལ་དབྱར་གནས་ཟླ་བ་གཅིག་དང་ཕྱེད་རིང་བཞུགས་འགོ་བཙུགས་ཡོད། དེ་ཡང་གནས་བསྟན་འདུལ་བ་འཛིན་པ་གདན་སའི་མཁན་ཆེན་ཁྲི་ཐོག་མཁན་ཆེན་དཀོན་མཆོག་རང་གྲོལ་མཆོག་དབྱར་གནས་མཁན་པོའི་དབུ་ཁྲིད་གནང་བའི་ཐོག བོད་ཚེས་ ༡༤ རེས་གཟའ་མིག་དམར་གི་སྔ་དྲོར་བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་གྱི་ཡ་གྱལ་གསོ་སྦྱོང་བཅོ་ལྔ་པ་ཚོགས་ཏེ། དབྱར་ཁས་ལེན་གྱི་སྔོན་འགྲོའི་བྱ་བ་རྣམས་ལེགས་པར་གྲུབ་གནང་བ་དང་། ཁ་སང་བོད་ཚེས་ ༡༥ རེས་གཟའ་ལྷག་པའི་སྔ་དྲོར། དབྱར་ཁས་ལེན་གྱི་ཆོ་ག་ལ་བརྟེན་ནས་དབྱར་ཟླ་བ་གཅིག་དང་ཕྱེད་གནས་པར་ཁས་བླངས་ཡོད།
དེ་རིང་བོད་ཚེས་ ༡༦ ནས་ཉིན་གསུམ་གྱི་རིང་ལ་ཟླ་གཉིས་གུང་སེང་འཛོམས་ནས་ལོ་འདིས་གདན་ས་རིན་པོ་ཆེ་ནང་སློབ་གཉེར་གཙོ་བོར་གྱུར་པའི་གལ་ཆེའི་བྱེད་སྒོ་ཁག་དབུ་འཛུགས་མ་ཞུས་གོང་འདི་ག་ལས་སློབ་ལྷན་འཛོམས་ཀྱིས་༧རྒྱལ་བསྟན་སྤྱི་དང་བྱེ་བྲག ༧སྐྱབས་མགོན་རྣམ་གསུམ་གཙོ་བོར་འགྱུར་པའི་རིས་སུ་མ་ཆད་པའི་བླ་མ་སྐྱེས་ཆེན་དམ་པ་རྣམས་དང་། ལྷག་པར་ད་ལན་༧རྒྱལ་བསྟན་སྤྱི་དང་སྒོས་སུ་རང་ཅག་༧རྒྱལ་བ་འབྲི་གུང་པའི་བསྟན་པ་རིན་པོ་ཆེ་དེ་ཉིད་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༧སྐྱབས་རྗེ་མགར་ཆེན་རིན་པོ་མཆོག་སྐུའི་བསྙུང་གཞི་ལས་མྱུར་དུ་ཞི་བ་དང་། སྐུ་ཚེ་ཞབས་པད་བསྐལ་རྒྱར་བརྟན་ཞིང་ཐུགས་དགོངས་ལྷུན་གྱི་འགྲུབ་པ། དེ་བཞིན་གདན་ས་རིན་པོ་ཆེ་དེ་ཉིད་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་རོགས་དང་། ཐུགས་ཁུར་བཀའ་དྲིན་བཞེས་གནང་མཁན་ཡོངས་ཀྱི་ཚེ་བགེགས་བར་ཆད་ཞི་བ་དང་། ཚེ་བསོད་དབང་ཐང་རྒྱས་ཆེད་ལོ་ལྟར་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་། ༧རྒྱལ་བའི་བཀའ་འགྱུར་དག་སྒྲོག་གནང་སྲོལ་བཟང་པོ་ཡོད་པ་ལྟར་ད་ལན་ཡང་འདི་ལྟར་དབུ་འཛུགས་ཞུས་ཡོད།
ཟུར་དུ་གདན་སའི་རབ་བྱུང་གསར་བུ་བ་གྲྭ་ཆུང་རྣམས་༧སྐྱབས་རྗེ་མགར་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་དང་། ཚེ་གཟུངས་། སྨན་གཟུངས་། བར་བསམ་སྒྲོལ་གསུམ་། གདུགས་ཤེས་སེང་གསུམ། ཟློག་པ་རྣམས་གསུམ། སྨོན་ལམ་དང་། ཞབས་རིམ་ཁག མ་ཎི་བསྔོ་བ་སོགས་གསོག་སྒྲུབ་གནང་གི་ཡོད་པ་བཅས།
གདན་ས་བྱང་ཆུབ་གླིང་གི་འཛིན་སྐྱོང་ལྷན་ཚོགས་ནས།
ཕྱིན་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༣༠ ཉིན།
~Observing the Rainy Retreat!
Here at Drikung Kagyu Jangchubling Monastery -the main seat monastery of glorious Drikung Kagyu Lineage in-exile India, all the monks and students have begun a month-and-a-half-long Rainy retreat, as part of the "three basic trainings" rooted in the sacred Dharma of Vinaya discipline.
This retreat is being led by the Vinaya-holder and current abbot of the monastic seat,
H.E Khenchen Konchok Rangdol.
On the morning of the 14th day of the Tibetan calendar (a Tuesday), the fifteenth sojong (purification/confession ceremony) was held, and the preliminary activities for taking the rainy-retreat vow were successfully completed.
Yesterday, the 15th day of the Tibetan calendar (a Wednesday), through the ceremony for taking the rainy-retreat vow, the monks formally vowed to observe the one and a half month rainy retreat.
Today, from the 16th day of the Tibetan calendar, the entire community of teachers and students has gathered for three days of prayers before the formal commencement of this year's academic activities. Together, they dedicate their practice to the flourishing of the Buddha's teachings and offer sincere prayers for the long life, health, and enlightened activities of all impartial spiritual masters, including His Holiness the Dalai Lama, His Holiness Drikung Kyabgon Chetsang Thinley Lhundup, His Holiness Drikung Kyabgon Chungtsang Chökyi Nangwa, and especially for the swift recovery, long life, and continued enlightened activities of H.E. Garchen Rinpoche.
Likewise, they are dedicating the practice for the pacification of obstacles and the increase of life, merit, and fortune for all those who, directly or indirectly, have offered support and shown kindness toward the monastery.
Following the monastery's established annual custom of reciting the Prajnaparamita Sutras in their extensive, medium, and condensed versions, as well as the Kangyur (the Buddha's teachings), this practice has once again been commenced this year in the same way.
Separately, the newly ordained young monks of the monastic seat are also performing long-life supplication prayers for H.E Garchen Rinpoche, together with recitations of the Buddha Amitayus and the Medicinal Buddha mantra, along with the essential prayers.
Administrative Committee
Jangchubling Monastery, 30/07/26