International Drikung Kagyu Council

International Drikung Kagyu Council Contact information, map and directions, contact form, opening hours, services, ratings, photos, videos and announcements from International Drikung Kagyu Council, Nonprofit Organization, P. O. Kulhan Sahastradhara Road, Dehra Dun.

A non-profit organization to preserve and promote the teaching of Lord Jigten Sumgon and the legacy of over 800+ years old Drikung Kagyu tradition of Tibetan Buddhism.

སྤྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་ ༡༡ དང་། བོད་ཟླ་ ༩ བོད་ཚེས་ ༢༢ ཉིན། རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་། དེ་བཞིན་རང་ཅག་རྣམས་ཀྱི་མེ...
12/11/2025

སྤྱི་ལོ་༢༠༢༥ ཟླ་བ་༡༡ ཚེས་ ༡༡ དང་། བོད་ཟླ་ ༩ བོད་ཚེས་ ༢༢ ཉིན། རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་དང་། དེ་བཞིན་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་སྣང་བ་དཔལ་བཟང་པོ་མཆོག་དགུངས་གྲངས་གྱ་བཞིར་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན། མང་ཡུལ་ལ་དྭགས་སུ་འབྲི་གུང་བཀའ་བརྒྱུད་དགོན་སྡེ་ཁག་ནས་སྐུའི་འཁྲུངས་སྐར་སྲུང་རྩིས་ཟབ་རྒྱས་ཞུས་པ་མ་ཟད་དབུས་སྤྱི་ཁྱབ་ལྷན་ཁང་དྲུང་ཆེན་མཁན་པོ་བཀྲ་ཤིས་རྡོ་རྗེ་མཆོག་མཛད་སྒོ་ལ་ཆེད་ཕེབས་གནང་ནས་སྤྱི་ཁྱབ་ལྷན་ཁང་ལ་དྭགས་ས་གནས་རྒྱུན་ལས་གསར་རྙིང་འཕོ་ལན་དང་རྒྱུན་ལས་རྙིང་པ་རྣམས་ལ་ཐུགས་རྗེ་ཆེ་ཞུས་ནས་ལེགས་སྐྱེ་ཕྱག་འཁྱེར་ཕུལ། རྒྱུན་ལས་གསར་པ་རྣམ་ལ་འཚམས་འདྲི་ཞུས། ལ་དྭགས་སྤྱི་ཁྱབ་ལྷན་ཁང་ས་གནས་རྒྱུན་ལས་ནས། ལྷ་བབས་དུས་ཆེན་དང་༧སྐྱབས་མགོན་ཆོས་ཀྱི་སྣང་བ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཁྱད་པར་ཅན་གཉིས་ལ་སྟབས་བསྟུན་ནས་ཕྱི་དྲོ་ལ་དྭགས་གླེ་རྒྱལ་ས་སྨན་ཁང་ནང་ནད་པ་རྣམས་ལ་ཟས་སྦྱིན་གཏོང་བ་བཅས་ཀྱི་མཛད་རིམ་ལེགས་གྲུབ་བྱུང་བའི་གནས་ཚུལ་སྙིང་བསྡུས་སུ།
རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པ་ནས།

བོད་རྒྱལ་ལོ་༢༡༥༢ བོད་ཟླ་༩ པའི་ཚེས་༢༢ དང་། སྤྱི་ལོ་༢༠༢༥ ཟླ་ ༡༡ ཚེས་ ༡༡ ཉིན། རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་དང་། ས...
08/11/2025

བོད་རྒྱལ་ལོ་༢༡༥༢ བོད་ཟླ་༩ པའི་ཚེས་༢༢ དང་། སྤྱི་ལོ་༢༠༢༥ ཟླ་ ༡༡ ཚེས་ ༡༡ ཉིན། རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཁྱད་པར་ཅན་དང་། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་རྒྱལ་བ་འབྲི་གུང་པ་གདན་རབས་གསེར་རིའི་ཕྲེང་བ་སོ་དྲུག་པ་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་དཀོན་མཆོག་བསྟན་འཛིན་ཆོས་ཀྱི་སྣང་བ་དཔལ་བཟང་པོ་མཆོག་དགུང་གྲངས་༨༤ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན། མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་པའི་སླད་དུ་སྐུའི་ཞབས་བརྟན་ཚེ་ལྷ་རྣམ་གསུམ་གྱི་གཟུངས་སྔགས་གསོག་སྒྲུབ་དང་། སྲོག་བླུ་ཚེ་ཐར། དེ་བཞིན་དཀར་ཟས་འབའ་ཞིག་ལ་རོལ་རྒྱུའི་མཚོན་རྣམ་དཀར་དགེ་བའི་བྱ་བ་འབད་འབུངས་ཕྱོགས་དང་སྒོ་ཀུན་ནས་གནང་སྐྱོང་ཡོང་བ་ཞུ་ཞུ་ཞུ།།
རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་ནས།

Lhabab Duchen (Buddha Sakyamuni’s Descent from Heaven & The 84rd Birthday of His Holiness Drikung Kyabgon konchok Tenzin Choekyi Nangwa. 11 Nov 2025
International Drinking Kagyu Council

༄༅། ། སྤྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༣ ཉིན། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབྲས་ར་གྲོང་ས་གན...
03/11/2025

༄༅། ། སྤྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༣ ཉིན། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབྲས་ར་གྲོང་ས་གནས་རྒྱུན་ལས་སྐབས་གསུམ་པ་དང་། བཞི་པ་གཉིས་གསར་རྙིང་འཕོ་ལན་གྱི་མཛད་སྒོ་གདན་ས་བྱང་ཆུབ་གླིང་གི་སྐུ་མགྲོན་སྣེ་ལེན་ཁང་དུ་སྔ་དྲོ་ཚོུད་ ༡༠: ༣༠ ཐོག་སྐུ་མགྲོན་གཙོ་བོ་༧སྐྱབས་རྗེ་ཁྲི་ཚབ་རིན་པོ་ཆེ་མཆོག་དང་། མཁན་ཆེན་དཀོན་མཆོག་རང་གྲོལ་རིན་པོ་ཆེ་མཆོག་རྣམ་གཉིས་གཙོས་འབྲི་གུང་བླ་བྲང་ཕྱག་མཛོད་ཟུར་པ་རྒན་ཚུལ་ཁྲིམས་དབང་པོ་དེ་བཞིན་སྡེ་ཚན་ཁག་གི་དབུ་འཛིན་བཅས་ཕེབས་གྲུབ་མཚམས། ཐོག་མ་རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་ཚོགས་གཙོ་པདྨ་རིག་འཛིན་མཆོག་ནས་སྐུ་མགྲོན་རྣམ་ལ་འཚམས་འདྲི་དང་འབྲས་ར་གྲོང་སྤྱི་ལྷན་ས་གནས་རྒྱུན་ལས་གསར་རྙིང་འཕོ་ལན་དང་འབྲེལ་བའི་གསུང་བཤད་གནང་། དེ་རྗེས་༧སྐྱབས་རྗེ་ཁྲི་ཚབ་རིན་པོ་ཆེ་མཆོག་ནས་སྐབས་གསུམ་པའི་རྒྱུན་ལས་རྣམ་ལ་ལེགས་གསོའི་ཕྱག་འཁྱེར་གནང་། མཁན་ཆེན་རང་གྲོལ་མཆོག་ནས་སྐབས་བཞི་བའི་རྒྱུན་ལས་རྣམ་ལ་འཚམས་འདྲི་མཇལ་དར་གནང་། སྐབས་གསུམ་པའི་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་མཁན་པོ་བསམ་འགྲུབ་ནས་འདས་པའི་ལོ་གསུམ་གྱི་རིང་སྐབས་གསུམ་པའི་ས་གནས་རྒྱུན་ལས་ནས་ཕྱག་ལས་གནང་ཕྱོགས་ཐད་གསུང་བཤད་གནང་། དེ་རྗེས་མཁན་ཆེན་རང་གྲོལ་མཆོག་ནས་བཀའ་སློབ་མདོ་སྡུས་གནང་མཚམས་ཉིན་གུང་གསོལ་ཚིགས་སྟབས་བདེ་ཞིག་མཆོད་ནས་མཛད་སྒོ་བཀྲ་ཤིས་ལོ་ལེགས་ངང་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།

རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་ནས།
སྤྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༣ ལ།

༄༄། ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཞྭ་སེར་བསྟན་པའི་སྲོག་ཤིང་དགའ་ལྡན་ཁྲི་ཐོག་༡༠༤ དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང་རྗེ་བཙུན་བློ་བཟ...
30/09/2025

༄༄། ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཞྭ་སེར་བསྟན་པའི་སྲོག་ཤིང་དགའ་ལྡན་ཁྲི་ཐོག་༡༠༤ དགའ་ལྡན་ཁྲི་ཟུར་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་སྐུ་ཞི་བར་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བློ་ཕམ་བྱུང་བ་མ་ཟད་མྱ་ངན་གུས་བཏུད་ཞུ་རྒྱུ་དང་། སླར་ཡང་བསྟན་འགྲོའི་དོན་དུ་ཡང་སྲིད་མྱུར་བྱོན་ཡོང་བའི་གསོལ་འདེབས་ཞུ་རྒྱུ་བཅས། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་ནས།

༄༅།། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབོད་སྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་༨ ཚེས་ ༦ ཉིན།...
06/08/2025

༄༅།། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབོད་སྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་༨ ཚེས་ ༦ ཉིན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་འབྲི་གུང་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོན་ན་༧སྐྱབས་མགོན་ཡིད་བཞིན་ནོར་བུ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སླད་དུ། གནས་ཆེན་མཚོ་པད་མ་འབྲི་གུང་བཀའ་བརྒྱུད་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་གི་རྡོ་རྗེ་སློབ་དཔོན་དཀོན་མཆོག་འོད་ཟེར་མཆོག་དབུ་གཞུགས་ཐོག་དགེ་འདུན་འདུས་པ་ཡོངས་ནས་ཚེ་མཆོག་སྒོ་ནས་གྲུབ་རྒྱལ་མའི་ཚེ་སྒྲུབ་གྲངས་བསོགས་ཟབ་རྒྱས་ཚོགས་གནང་བ་ལ།
རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་གིས་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

༄༅། ། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་ཚོགས་གཙོ་པདྨ་རིག་འཛིན་མཆོག སྤྱི་ལོ་༢༠༢༥ ཟླ་བ་༧ ཚེ...
31/07/2025

༄༅། ། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་ཚོགས་གཙོ་པདྨ་རིག་འཛིན་མཆོག སྤྱི་ལོ་༢༠༢༥ ཟླ་བ་༧ ཚེས་ ༢༤ ཉིན། སྡེ་རྭ་ལྡུན་ནས་མཁའ་ལམ་བརྒྱུད་བལ་ཡུལ་ལ་ཕེབས་སྟེ། སྤྱི་ཟླ་ ༧ ཚེས་ ༢༥ ཉིན། སྔ་དྲོ་ཚོུད་༡༠: ༣༠ ཐོག་ཨུཏྤལ་ལའི་གསོལ་ཚིགས་ཁང་དུ་དབུས་སྤྱི་ཁྱབ་ལྷན་ཁང་གི་བལ་ཡུལ་ས་གནས་རྒྱུན་ལས་གསར་པ་འདེམས་ཤིང་། རྒྱུན་ལས་གསར་རྙིང་གཉིས་ལྷན་དུ་བརྗེ་ལེན་གནང་ཕྱོགས་ཐད་ཚོགས་འདུ་ཚོགས་ནས་བགྲོ་གླེང་ལྷུག་པོར་བྱས། སྤྱི་ལོ་༢༠༢༥ ཟླ་༧ ཚེས་ ༣༠ ཉིན། ཕྱི་དྲོ་ཚོུད་ ༥: པའི་ཐོག་ཨུཏྤལ་གསོལ་ཚིགས་ཁང་དུ་རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་བལ་ཡུལ་ས་གནས་རྒྱུན་ལས་གསར་རྙིང་བརྗེ་ལེན་གྱི་མཛད་སྒོ་དངོས་སུ་དབུ་འཛུགས་གནང་། མཛད་སྒོ་ཐོག་ཆེད་ཕེབས་སྐུ་མགྲོན་བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་གི་དབུ་འཛིན་སློབ་དཔོན་བསོད་ནམས་རིན་ཆེན་མཆོག་དང་། སློབ་དཔོན་དཀོན་མཆོག་དོན་འགྲུབ། དེ་བཞིན་ལ་ཕྱི་ཚོགས་པའི་ཚོགས་གཙོ་གཙོས་ཚོགས་མི་རྣམས་ཀྱིས་དགོངས་ཚུལ་ལྷུག་པོ་གནང་། ཚོགས་གཙོ་པདྨ་རིག་འཛིན་མཆོག་ནས་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་མ་འོངས་ཕྱག་ལས་གནང་ཕྱོགས་ཐད་ཚོགས་མི་རྣམ་ལ་གསལ་བཤད་གནང་། དེ་རྗེས་རྒྱུན་ལས་རྙིང་པ་རྣམས་ལ་མཇལ་དར་དང་ལེགས་གསོའི་ཕྱག་འཁྱེར་རེ་ཕུལ་ཞིང་། རྒྱུན་ལས་གསར་པ་རྣམས་ལ་འཚམས་འདྲི་ཀྱི་མཇལ་དར་དང་རྟེན་འབྲེལ་མཚོན་ཆེད་རེ་ཕུལ་སྟེ། ཚོུད ༦: ༣༠ ཐོག་དགོང་མོ་ཞལ་ལག་སྟབས་བདེ་ཞིག་མཆོད་ནས་མཛད་སྒོ་བཀྲ་ཤིས་ལོ་ལེགས་ངང་ལེགས་གྲུབ་བྱུང་བ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།

རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་ནས།
སྤྱི་ལོ་ ༢༠༢༥ ཟླ་ ༧ ཚེས་༣༡ ལ།

༄༅།། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབོད་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༨ ཉ...
31/07/2025

༄༅།། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབོད་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༨ ཉིན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་འབྲི་གུང་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོན་ན་༧སྐྱབས་མགོན་ཡིད་བཞིན་ནོར་བུ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སླད་དུ། བལ་ཡུལ་འབྲི་གུང་བཀའ་བརྒྱུད་རིན་ཆེན་གླིང་དགོན་པའི་མཆོག་སྤྲུལ་པདྨ་སངས་རྒྱས་རིན་པོ་ཆེ་མཆོག་དང་། སྒྲུབ་དཔོན་མཁན་པོ་ཕྲིན་ལས་རྣམ་རྒྱལ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དགེ་འདུན་འདུས་མང་ཡོངས་ནས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་དགུའི་ཆོ་ག་སྟོང་མཆོད་ཆེན་པོ་ཟབ་རྒྱས་ཚོགས་གནང་བ་དང་། དེ་བཞིན་གླི་མི་དང་ལ་ཕྱི་དད་ལྡན་མི་མང་ཡོངས་ནས་གྲུབ་རྒྱལ་མའི་ཚེ་སྒྲུབ་གྲངས་བསོགས་བཅས་ཚོགས་གནང་བར།
རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་གིས་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།།

༄༅།། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབོད་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༨ ཉ...
31/07/2025

༄༅།། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབོད་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༨ ཉིན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་འབྲི་གུང་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོན་ན་༧སྐྱབས་མགོན་ཡིད་བཞིན་ནོར་བུ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སླད་དུ། ལ་དྭགས་འབྲི་གུང་བཀའ་བརྒྱུད་ཤར་ཁུལ་ཕུན་ཚོགས་ཆོས་གླིང་དགོན་དུ། གྲུབ་དབང་དགེ་སློང་སྒྲུབ་དཔོན་དཀོན་མཆོག་བསྟན་འཛིན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགོན་པའི་རྡོ་རྗེ་སློབ་དཔོན་ཁྲི་བ་དང་མཁན་པོ་འདུས་པ་ཡོངས་ནས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་དགུའི་ཆོ་ག་སྟོང་མཆོད་ཆེན་པོ་ཟབ་རྒྱས་ཚོགས་གནང་བ་ལ།
རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་གིས་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

༄༅།། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབོད་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༨ ན...
31/07/2025

༄༅།། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབོད་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༢༨ ནས་ ༣༠ བར་ཉིན་གསུམ་གྱི་རིང་། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་འབྲི་གུང་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོན་ན་༧སྐྱབས་མགོན་ཡིད་བཞིན་ནོར་བུ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སླད་དུ། འཕགས་ཡུལ་འབྲི་གུང་བཀའ་བརྒྱུད་གདན་ས་བྱང་ཆུབ་གླིང་དུ། ༧སྐྱབས་རྗེ་བརྒྱད་རྭ་ཁྲི་ཚབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་མཁན་པོ་དང་མཁན་མོ་སྒྲུབ་དཔོན་དེ་བཞིན་འདུས་པ་ཡོངས་ནས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་དགུའི་ཆོ་ག་སྟོང་མཆོད་ཆེན་པོ་ཟབ་རྒྱས་ཚོགས་གནང་བ་ལ།
རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་གིས་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

18/07/2025

༄༅།། རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་སྐབས་ལྔ་པའི་འབོད་བསྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༡༠ དང་།
བོད་ཟླ་ ༥ བོད་ཚེས་ ༡༥ འཛམ་གླིང་སྤྱི་བསང་ཉིན། སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་འབྲི་གུང་པ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོན་ན་༧སྐྱབས་མགོན་ཡིད་བཞིན་ནོར་བུ་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་འགྲུབ་པའི་སླད་དུ། རྒྱ་གར་ལྷོ་ཕྱོགས་ཆོས་རྗེ་ཨཿ དབྱངས་རིན་པོ་ཆེའི་དགོན་པ་བཀའ་དགོན་ཐུབ་བསྟན་བཤད་སྒྲུབ་བྱང་ཆུབ་གླིང་གི་རྡོ་རྗེ་སློབ་དཔོན་གཙོས་མཁན་སྤྲུལ་འདུས་པ་ཡོངས་ནས་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་དགུའི་ཆོ་ག་སྟོང་མཆོད་ཆེན་པོ་ཟབ་རྒྱས་ཚོགས་གནང་བ་ལ།
རྒྱལ་སྤྱིའི་འབྲི་གུང་བཀའ་བརྒྱུད་དབུས་སྤྱི་ཁྱབ་ལྷན་ཁང་གིས་སྙིང་ཐག་པ་ནས་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་མཚམས་བཞུགས་ལ་ཉེ་བ་སྐབས་འདིར་ས...
17/07/2025

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་བསྟན་དང་འགྲོ་བའི་དོན་དུ་སྐུ་མཚམས་བཞུགས་ལ་ཉེ་བ་སྐབས་འདིར་སྐུ་ཡི་ཞབས་རིམ་སྒྲུབ་རྒྱུ་གསལ་བསྒྲགས།

Address

P. O. Kulhan Sahastradhara Road
Dehra Dun
248001

Alerts

Be the first to know and let us send you an email when International Drikung Kagyu Council posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Organization

Send a message to International Drikung Kagyu Council:

Share