29/07/2026
༄༅། །བོད་རྒྱལ་ལོའི་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་སྟེ་མགོན་པོ་འོད་པག་མེད་ཀྱི་དུས་ཆེན་ཁྱད་པར་ཅན་ལ་འཁེལ་བར། ལྷན་རྒྱས་ཀྱིས་སེམས་བསྐྱེད་རྒྱ་ཆེན་པོས་སྲོག་བླུ་བའི་རྣམ་དཀར་དགེ་བའི་ལས་ལ་མཉམ་དུ་སྤྱོད་པས། འཇིགས་པའི་གནས་སུ་ལྷུང་བའི་སེམས་ཅན་གྲངས་ཉུང་ཞིང་ཚེ་ཐར་བཏང་བས་ན་སེམས་ཅན་དེ་དག་རང་དབང་ཐོབ་ཅིང་། ལས་འདིས་སེམས་ཅན་གྱི་སྲོག་སྐྱོབ་པ་དང་རང་རང་གི་སེམས་རྒྱུད་ལ་བྱམས་སྙིང་རྗེ་དང་ཡེ་ཤེས་ཀྱི་ས་བོན་བཏབ་པའང་ཡིན།
དེ་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་རྩ་བ་འདིས་གཙོ་བྱས་པའི་དགེ་བ་ཐམས་ཅད་ཅིག་ཅར་དུ་བསྡོམས་ཏེ་གསོལ་བ་འདེབས་པ་ནི།🙏
དཔལ་ལྡན་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན། །
ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར། །
བདག་ཅག་རྣམས་ཀྱི་སྡིག་སྒྲིབ་ཀུན་བྱང་ཞིང་། །
བསོད་ནམས་ཡེ་ཤེས་ཚོགས་གཉིས་ཡོངས་རྫོགས་ཤོག །
དགེ་བ་འདིས་ནི་སྐྱེ་བ་ཐམས་ཅད་དུ། །
ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །
མགོན་པོ་འོད་དཔག་མེད་པའི་དྲུང་སྐྱེས་ནས། །
བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་པར་ཤོག་།
——བྱམས་བརྩེ་དཀར་སྐྱོང་ལྷན་ཚོགས་ནས།
༢༠༢༦/༠༧/༢༩