08/10/2026
མི་ལོ་དགུ་བརྒྱ་ཟིན་ལ་ཉེ་བའི་ལོ་རྒྱུས་ཆེས་རིང་ཞིང་བྱིན་རླབས་ཅན་མཚུར་ཕུའི་ལྷ་ཆེན་འཛམ་གླིང་རྒྱན་མཆོག
具有近九百年的悠久歷史、且極具加持力。世界最殊勝的莊嚴———楚布大佛
Possessing a glorious history of nearly nine centuries and imbued with boundless blessings, the Great Tsurphu Buddha—venerated as the most supreme "Ornament of the World" .
སྤྱི་ལོ་ ༢༠༢༣ ལོ་ལ། ༧ཀུན་གཟིགས་དུལ་མོ་ཆོས་རྗེ་རིན་པོ་ཆེ་མཆོག་གིས་ལེགས་བསྒྱུར་བསྐྱར་བཞེངས་གྱི་དབུ་བརྩམས་པའི་མཚུར་ཕུའི་ལྷ་ཆེན་འཛམ་གླིང་རྒྱན་མཆོག་འདི་ནི། ལྷ་མགར་མི་ཉི་ཤུ་ནང་སྐོར་གྱིས་མི་ལོ་གསུམ་ལྷག་ལ་ཕྱག་ལས་བར་མེད་དུ་བགྱིས་ཏེ།
ལྷ་ཆེན་འདི་ཉིད་སྐུའི་རྒྱུ་རིན་ཆེན་དང་པོ་གསེར་དང་གཉིས་པ་ཟངས་ཁོ་ནས་བཞེངས་པ་ལགས། ད་ལོ་བོད་རབ་བྱུང་བཅུ་བདུན་པ་མེ་རྟ་ལོ་ལ་ལྷ་ཆེན་མཐོང་གྲོལ་འཛམ་གླིང་རྒྱན་མཆོག་སྐུ་རྐྱང་པ་ལ་མཐོ་ཚད་སྨིས་དགུ་དང་སྐར་དྲུག་ཅུ། བཞུགས་ཁྲི་ལ་སྨིས་གཉིས་དང་སྐར་དྲུག་ཅུ། སྐུ་བཞུགས་ཁྲི་རྒྱབ་ཡོལ་དང་བཅས་པའི་མཐོ་ཚད་ལ་སྨིས་བཅོ་ལྔ་ལྷག་ཡོད་པ་ལེགས་པར་བཞེངས་གྲུབ་པ་ལ།
ཆོས་རྗེ་རིན་པོ་ཆེ་སྐུ་དངོས་མཚུར་ཕུར་ཕེབས་ནས། སྤྱི་ཟླ་ ༨ ཚེས་ ༧ཉིན་དཔལ་འཁོར་སྡོམ་པ་དང་འབྲེལ་བའི་རབ་གནས་བཀྲ་ཤིས་ཆར་འབེབས་ཀྱི་སྒོ་ནས་སྟ་གོན་འཚོགས་ཅིང་། ཚེས་༨ ལ་རབ་གནས་དངོས་གཞི་མཛད་སྒོ་རྒྱས་པ་གྲུབ་པར་མཛད་པའི་བཀྲ་ཤིས་པའི་རྟེན་འབྲེལ་གྱི་ཆེ་བ་མཚན་པའི་སྦྲང་ཆར་ཟིལ་མ་བབས་པ་སོགས་རྟེན་འབྱུང་ཕུན་སུམ་ཚོགས་པ་ལེགས་འགྲིགས་བྱུང་ངོ་།
ད་ལྟ་ལྷ་ཆེན་འཁོར་ཉེ་བའི་སྲས་ཆེན་བརྒྱད་བཞེངས་བཞིན་པར་དང་ལྷ་ཆེན་འདི་ཉིད་སྐུ་རྒྱུ་ནི་རིན་ཆེན་དང་པོ་གསེར་དང་གཉིས་པ་ཟངས་ཁོ་ན་ལ་བཞེངས་པ་ལགས།
尊貴的都穆法王於公元2023的親自主導下開始進行修繕與重新塑造。
這尊楚布大佛由二十位工藝精湛的工匠歷時三年多不間斷地精心打造。
見解脫、世界最殊勝的莊嚴———楚布大佛,單尊高度為9.6米,法座高2.6米,加上法座與背倚,總高度超過15米,現已圓滿竣工。
今年正值藏歷火馬年,都穆法王親自前往楚布寺,於8月7日通過勝樂金剛法門《普降祥雨》儀軌進行開光前行法會,並於8月8日隆重舉行了正式的開光,法會期間瑞相紛呈,祥雲普降甘露細雨等,緣起殊勝,諸事圓滿。
目前,大佛周圍的八大菩薩正在打造當中,該大佛及八大菩薩佛像的材質僅採用黃金與紅銅鑄造。
Under the personal auspices of His Eminence Dulmo Choje Rinpoche, the Great Tsurphu Buddha underwent its magnificent restoration and reshaping since 2023.
Crafted tirelessly for over three years by twenty master artisans of exquisite craftsmanship, this Great Buddha, revered as "Liberation Through Sight," now rises in perfect completion: the central figure soaring to a height of 9.6 metres, resting upon a lotus throne of 2.6 metres, and crowned with its backrest to a total height exceeding 15 metres — majestic, luminous, and whole.
According to the Tibetan calendar, in this Year of the Fire Horse, His Eminence Dulmo Choje Rinpoche personally journeyed to Tsurphu Monastery. On the 7th of August, the preliminary consecration puja was reverently conducted through the Chakrasamvara Sādhana - The All-Pervading Auspicious Rain. On the following day, 8th August, the official Consecration Ceremony was solemnly conducted.
Throughout the proceedings, countless wondrous signs manifested — across the vast firmament, a sacred tapestry of clouds softly unfurled, while a nectar-like drizzle descended as liquid blessings — marking a sublime dawn of auspicious conditions, and bringing every endeavour to its ultimate completion.
Currently, the statues of the Eight Great Bodhisattvas surrounding the Great Buddha are being meticulously wrought. Forged exclusively from pure gold and red copper, they shall in due course be enshrined around the Great Buddha.