09/26/2026
བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གཟའ་འཁོར་གྱི་ཆ་ཤས་སུ། ཨོ་ཊ་ཝ་བོད་རིགས་ཚོགས་པས་གཟའ་འཇུག་བོད་ཡིག་སློབ་གྲྭར་བོད་པའི་ངོ་བོའི་སྐོར་གྱི་གནས་ཚུལ་དང་། བསམ་ཚུལ། ལྟ་ཚུལ་བརྗེ་རེས་བྱ་ཡུལ་གྱི་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད། མཛད་སྒོ་དེར་སློབ་ཕྲུག་དང་། ཕ་མ། བོད་རིགས་ཚོགས་པའི་ཚོགས་མི་བཅས་དོན་སྙིང་ལྡན་ཞིང་དགའ་མོས་ཀྱི་སྒོ་ནས་མཉམ་ཞུགས་གནང་ཡོད། མཛད་སྒོ་འདི་བརྒྱུད། ང་ཚོས་བོད་མི་རིགས་ཀྱི་ངོ་བོ་ཉར་ཚགས་དང་གཅེས་སྲུང་བྱེད་པའི་གལ་གནད་སྐོར་ལ་ཤེས་རྟོགས་དང་གོ་རྟོགས་ཟབ་ཏུ་གཏོང་བ་དང་། རང་ཉིད་ཀྱི་བསམ་ཚུལ་དང་ལྟ་ཚུལ་གང་ཡོད་བརྗེ་རེས་བྱེད་པ། དེ་བཞིན་ང་ཚོ་ཚང་མས་མཉམ་རུབ་ཀྱིས་བོད་ཀྱི་ངོ་བོ་དང་ལེགས་བྱང་གཅེས་སྲུང་དང་རྒྱུན་འཛིན་ཆེད་འབད་བརྩོན་ཇི་ལྟར་བྱ་དགོས་མིན་སྐོར་ལ་བསམ་ཚུལ་དང་ལྟ་ཚུལ་བརྗེ་རེས་བྱེད་པའི་གོ་སྐབས་ཀྱང་བསྐྲུན་ཡོད།
As part of Tibetan Identity Preservation Week, the Ottawa Tibetan Community Association held an Information and Thought-Sharing Event on Tibetan Identity during the Saturday Tibetan language Class. Students, parents, and members of the Tibetan community came together and participated in this meaningful gathering. The event provided an opportunity to learn more about the importance of preserving our Tibetan identity and to share our thoughts, perspectives, and ideas on how we can collectively contribute to this important effort.