22/06/2026
Baeyuel Kuenzang Woesel Chöling Foundation Receives National Recognition
༄༅།།རང་ལུགས་གནམ་ལོ་མེ་ཕོ་རྟ་ལོ་རང་ཟླ་༥ པའི་ཚེས་༤ སྤྱ་ཚེས་༡༨/༠༦/༢༠༢༦ ལོར་འབྲུག་ཆོས་སྡེ་ལྷན་ཚོགས་ཀྱི་ལོ་ལྟར་ཁྲི་འཛིན་ཞལ་འཛོམས་ཐེངས་༩ པའི་ནང་ཆུ་ཁ་རྫོང་ཁག་སྦོང་སྒོ་རྒེད་འོག་༧ སྐྱབས་འཛིན་གཏེར་སྟོན་འབྲུག་སྒྲ་རྡོ་རྗེ་རིན་པོ་ཆེ་མཆོག་གི་གཞི་ཚོགས་སྦས་ཡུལ་ཀུན་བཟང་འོད་གསལ་ཆོས་གླིང་གིས་འཆར་ལོ་༢༠༢༥-༢༠༢༦ ལོའི་མི་སྡེ་གཅིག་མཐུན་དང་གཅིག་སྒྲལ་ལུ་ཁེ་ཕན་དང་སྒོས་སུ་རྒྱལ་ཡོངས་ལུ་ཕན་པའི་ཞབས་ཏོག་འགོ་འདྲེན་འཐབ་ནི་ལུ་འབྲུག་གི་ཆོས་སྡེ་༡༡༦ ཡོད་པའི་ནང་ལས་ཨང་གཉིས་པ་འཐོན་ཡོད་པའི་ངོས་འཛིན་གཟེངས་བསྟོད་ཀྱི་ལག་ཁྱེར་དང་དངུལ་སྐོང་ཐོབ་ཡོདཔ་ཨིན། ནེ་སྦེ་གཟེངས་བསྟོད་ཐོབ་དགོས་མི་འདི་གཙོ་བོ་སྐྱབས་འཛིན་གཏེར་སྟོན་རིན་པོ་ཆེ་མཆོག་གི་སྐུ་བསོད་ཐུགས་བསྐྱད་སྨོན་ལམ་དང་དཔལ་ཆོས་ལྡན་འབྲུག་རྒྱལ་ཁབ་ཀྱི་ཆོས་དང་ལམ་སྲོལ་མི་ཉམས་གོང་འཕེལ་སྒོས་སུ་སངས་རྒྱས་ཀྱི་བསྟན་པ་བསྐལ་བརྒྱར་ལས་བསྐལ་བརྒྱར་བརྟེན་ཐབས་སུ་རྒྱན་དུས་སྐུ་ལས་འོ་བརྒྱལ་གནང་བ་ལ་དང་དད་ལྡན་བསྟན་པའི་སྦྱན་བདག། གཞི་ཚོགས་ཀྱི་ཕྱག་ལྭ་གནང་མི་ཚོགས་མི་དང་དམིགས་བསལ་བཀའ་དྲིན་ཅན་གྱི་གཞི་ཚོགས་ཀྱི་འཐུས་མི་ཡོངས་ཀྱི་བཀའ་དྲིན་ཨིན་ཟེར་ཞུ་ནི་ཨིན་ལགས། ཁྱབ་གཅིག་ཏུ་སྦས་ཡུལ་ཀུན་བཟང་འོད་གསལ་ཆོས་གླིང་གཞི་ཚོགས་ལུ་ངོས་འཛིན་གཟེངས་བསྟོད་གནང་མི་ལུ་གཞི་ཚོགས་ཀྱི་ཁ་ཐུག་ལས་འབྲུག་ཆོས་སྡེ་ལྷན་ཚོགས་ཀྱི་ཁྲི་འཛིན་མི་རྗེ་ནང་སྲིད་བློན་པོ་མཆོག་དང་གཞུང་གྲྭ་ཚང་གི་གཙུག་ལག་སློབ་དཔོན་རིན་པོ་ཆེ་མཆོག། ཆེས་མཐོ་འཐུས་མི་དྲོགས་དང་ཆོས་སྡེ་ལྷན་ཚོགས་ཀྱི་གཙོ་འཛིན་འགོ་དཔོན་གྱིས་གཙོས་ལས་བྱེདཔ་ལུ་གཞི་ཚོགས་ཀྱི་ཁ་ཐུག་ལས་བཀའ་དྲིན་དགའ་ཚོར་བསམ་གྱིས་མི་ཁྱབ་པ་ཕུལ་དོ་ལགས།
On the 4th day of the 5th month of the Bhutanese Fire Horse Year (18 June 2026), during the 9th Annual Chairpersons' Meeting of the Chhoedey Lhentshog (Commission for Religious Organizations of Bhutan), the Baeyuel Kuenzang Woesel Chöling Foundation, founded by His Eminence Terton Drukdra Dorje Rinpoche and located in Bongo Gewog, Chhukha Dzongkhag, was awarded a Certificate of Recognition and the Silver Butter Lamp Kongbu Prize for securing Second Place among 116 religious organizations in Bhutan.
This prestigious recognition was conferred in appreciation of the Foundation's outstanding services and contributions during the 2025–2026 period, particularly in promoting harmony, unity, and well-being within communities and in rendering meaningful service to the nation.
We humbly offer our deepest prayers and heartfelt gratitude to His Majesty The Druk Gyalpo and His Holiness the Je Khenpo for their blessings, compassionate guidance, and unwavering support in promoting the well-being of the nation and the flourishing of the Buddha Dharma.
The Foundation humbly acknowledges that this honor is the result of collective effort and shared merit. We offer our deepest gratitude and recognition to:
• The merit, enlightened aspirations, prayers, compassionate vision, and guidance of His Eminence Terton Drukdra Dorje Rinpoche.
• His unwavering commitment to preserving and promoting Bhutan's religious traditions and cultural heritage and to ensuring the flourishing of the Buddha Dharma for generations to come.
• The generosity, devotion, and continued support of our devotees and well-wishers.
• The dedication, hard work, and commitment of the Foundation's staff, volunteers, and members.
• The invaluable guidance and contributions of the Foundation's Board of Directors and representatives.
On behalf of the Foundation, we would also like to express our sincere gratitude and profound appreciation to:
• The Chairperson of the Chhoedey Lhentshog and Hon'ble Minister for Home Affairs.
• The Tshulag Lopon Rinpoche of the Zhung Dratshang.
• The Druk Nyingmai Ngotshab Rinpoche.
• The esteemed Chhoedey Thuemis of the Committee.
• The Hon'ble Members of the Chhoedey Lhentshog.
• All officials and staff involved in granting this prestigious recognition.
With heartfelt gratitude and profound appreciation, we extend our sincere thanks to everyone whose support, dedication, and contributions made this achievement possible. We look forward to your continued support.
Management Team
Baeyuel Kuenzang Woesel Chöling Foundation