༈པདྨ་མདོ་སྔགས་བྱང་ཆུབ་འོད་གསལ་ཆོས་གླིང་། PDJWC Monastery

  • Home
  • Bhutan
  • Tashigang
  • ༈པདྨ་མདོ་སྔགས་བྱང་ཆུབ་འོད་གསལ་ཆོས་གླིང་། PDJWC Monastery

༈པདྨ་མདོ་སྔགས་བྱང་ཆུབ་འོད་གསལ་ཆོས་གླིང་།  PDJWC Monastery Institute and Its all about religious events.

Dorjee dhen!
31/12/2024

Dorjee dhen!

ང་ཚོའི་བསལ་འཕེལ་མ” གཟི་འོད” December 12, 2024Yangsey Rinpoche offers long life prayers during The Grand Tenzhuk Offering...
12/12/2024

ང་ཚོའི་བསལ་འཕེལ་མ” གཟི་འོད”

December 12, 2024

Yangsey Rinpoche offers long life prayers during The Grand Tenzhuk Offering Ceremony for Kyabje Khochhen Rinpoche at Mindrolling Monastery in Dehradun India.

༈ རང་ཟླ་༩ པའི་ཚེས་༢༥ གཟའ་སྐར་དགེ་བའི་ཉིན་གསར་བཞེངས་ས་བླང་རྟེན་འབྲེལ་གྱི་མཛད་སྒོ།25 Nov The ceremony of the ground breaki...
27/11/2024

༈ རང་ཟླ་༩ པའི་ཚེས་༢༥ གཟའ་སྐར་དགེ་བའི་ཉིན་གསར་བཞེངས་ས་བླང་རྟེན་འབྲེལ་གྱི་མཛད་སྒོ།
25 Nov The ceremony of the ground breaking!

༈ ལྷ་བབ་དུས་ཆེན་བརྩི་སྲུང་ཞུ་ཆེད།
21/11/2024

༈ ལྷ་བབ་དུས་ཆེན་བརྩི་སྲུང་ཞུ་ཆེད།

Two Different Practices for Two Different people. There are two different practices for two types of people. One is for ...
21/11/2024

Two Different Practices for Two Different people.

There are two different practices for two types of people. One is for those who can control their minds, and the other is for those who cannot control their minds.

For instance, if you are staying inside a room, your mind may feel congested, suffocated and sad. If so, open the window. By looking outside, you will see many choices and a variety of objects. If you still cannot see this diversity from the window, step outside. There are many options and possibilities outside. This method helps to bring peace, clarity and happiness to the mind.

The other one is not to open the window or step out of the room. It is for those who cannot control their minds. If you open the window, you might see beautiful things that create desire or attachment. On the other hand, if you see unpleasant things, your mind might fill with hatred or disappointment. Both types of distractions can disturb your peace and happiness. Therefore, it is better for you to not go outside and not open the window, as both can lead to distractions.

Both practices are correct, depending on the person . If you have control over your mind and cannot be easily distracted by desire, attachment, hatred, or disappointment, you can go outside the room. However, if you find that your mind is easily distracted, it is better to stay inside with the window closed.

That’s why we should evaluate our own minds. If we can control our mind, we can go outside. If we cannot, it is better to stay inside .
Personally, I prefer staying inside the room to practice because I cannot control my mind.

ལོ་འཁོར་གྱི་ཆོས་རྒྱུགས་ཆེན་མོ། The annual examination 2024
19/11/2024

ལོ་འཁོར་གྱི་ཆོས་རྒྱུགས་ཆེན་མོ།
The annual examination 2024

སྤྱི་ལོ་༡༩༨༩ ལོར་སྐྱབས་རྗེ་གདུང་འཛིན་དགའ་རབ་རིན་པོ་ཆེ་མཆོག་རྒྱ་གར་མཻ་སུར་རྣམ་གྲོལ་གླིང་དུ་བཞུགས་སྐབས། དེ་སྐབས་གཞན་ཡང་སྨི...
14/09/2024

སྤྱི་ལོ་༡༩༨༩ ལོར་སྐྱབས་རྗེ་གདུང་འཛིན་དགའ་རབ་རིན་པོ་ཆེ་མཆོག་རྒྱ་གར་མཻ་སུར་རྣམ་གྲོལ་གླིང་དུ་བཞུགས་སྐབས། དེ་སྐབས་གཞན་ཡང་སྨིན་གླིང་གདུང་སྲས། སྐྱབས་རྗེ་ཀརྨ་སྐུ་ཆེ། སྨིན་གླིང་མཁན་ཆེན། མཁན་ཆེན་ཚེ་དབང་རྒྱ་མཚོ། སྤྲུལ་སྐུ་འཇམ་དཔལ།

13/09/2024

༈ ཚེས་བཅུའི་ཉིན་གུ་རུའི་ཞབས་བཅག་པ་།

༈ སང་ཉིན་ ༸ སྐྱབས་རྗེ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་འདི་གར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ།
12/09/2024

༈ སང་ཉིན་ ༸ སྐྱབས་རྗེ་རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་འདི་གར་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ།

༈ མ་དགོན་རང་བྱུང་དགོན་དུ་༸ སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས་ནས་དགེ་འདུན་འདུས་མང་དང་དད་ལྡན་སྟོ...
10/09/2024

༈ མ་དགོན་རང་བྱུང་དགོན་དུ་༸ སྐྱབས་རྗེ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས་ནས་དགེ་འདུན་འདུས་མང་དང་དད་ལྡན་སྟོང་ཕྲག་ལས་རྒལ་བ་རྣམས་ལ་ཇིལྟར་གསོལ་བ་འདེབས་པ་ལྟར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོའི་མཇམ་དཔལ་མཚན་བརྗོད་ཀྱི་ལྗགས་ལུངས་དང་། བཛྲ་གུ་རུ། གུ་རུ་དྲག་པོ། འཇམ་དབྱངས་གཟུངས་སྔགས་ལྗགས་ལུང། དེ་བཞིན་བཀའ་བསྒོ་ཐང་སྟོང་ཚེ་དབང་བརྒྱ་འཕེལ་མ། རང་བྱུང་ཞེས་པའི་མཚན་དང་བདུད་འཇོམས་གཏེར་གསར་སྐོར་གསུངས་བཤད། དེ་བཞིན་བསམ་པ་བཟང་པོ་བྱ་དགོས་ཚུལ་སོགས་ཆོས་འབྲེལ་རྒྱས་པར་གནང་ཡོད།

༈ ཚེ་རབས་གཏན་གྱི་མགོན་པོ་རྗེ་བཙུན་བླ་མ་དམ་པ་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་ཕྲིན་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བའི་ཆེད་དུ་དམིགས་...
28/08/2024

༈ ཚེ་རབས་གཏན་གྱི་མགོན་པོ་རྗེ་བཙུན་བླ་མ་དམ་པ་སྐུ་ཚེ་ཞབས་པད་བརྟན་ཅིང་མཛད་ཕྲིན་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བའི་ཆེད་དུ་དམིགས་ཏེ་དྲི་མེད་བཤགས་རྒྱུད་གསུངས་བཞིན་པ།

དྲི་མེད་བཤགས་རྒྱུད་ལས”
ལྟ་བའི་དུག་ཕྱུང ། བསྒོམ་པའི་བདུད་རྩི་བསྟེན། སྤྱོད་པའི་ལ་དོར་ནས་གསང་སྔགས་གསང་བའི་ལམ་ལ་ཞུགས་པ་རྣམས་ལ་། དམ་ཚིག་ཉམས་ཆག་བྱུང་བར་གྱུར་ན་ཐེག་པ་ལམ་ཞུགས་ཀྱི་བཤགས་པ་དང་། ན་རག་དོང་སྤྲུགས། བརྗོད་མེད་དང་། དམ་ཚིག་ཉི་ཤུ་རྩ་བརྒྱད། རྡོ་རྗེ་དཔལ་ཆེན། ཡེ་ཤེས་མཁའ་འགྲོ། ཞི་བ་སངས་རྒྱས། ཁྲོ་བོ་ཁྲག་འཐུང་། རའུ་ཏྲའི་སྨྲེ་བཤགས། རྒྱུད་ལུང་མན་ངག། ལྟ་བའི་ཀློང་བཤགས། དབང་བཞིའི་རྫོགས་པ་ཐབས་ལམ་གྱི་བཤགས་པ་དང། འབྲས་བུ་དོན་རྟོགས་སྐུ་གསུངས་ཐུགས་སུ་བྱུང་བའི་བཤགས་པ་རྣམས་བཤད་པར་བྱའོ། ཅེས་པ་བཞིན་དང་།

ཚེ་རབ་ཐོག་མ་མེད་པའི་དུས་མཐའ་ནས།།
ཚེ་འདིའི་ལུསབཟུང་ད་ལྟ་ཡན་ཆོད་དུ།།
སྡིག་པ་མི་དགེའི་ལས་རྣམས་ཅི་བགྱིས་པ།།
དུས་རིག་དུས་མཁྱེན་ཁྱེད་ལ་བཟོད་པར་གསོལ།།
འཕགས་པ་ལགས་པས་ཁྱེད་ཀྱིས་དང་དུ་བཞེས།།
སེམས་ཅན་ལགས་པས་བདག་ནོངས་འཁྲུལ་པ་མཆིས།།
སྒྱུ་མ་ལགས་པས་བཤགས་ན་གནང་བར་མཛོད།།
ཐབས་ལ་མཁས་པས་མཚངས་པར་སྩལ་དུ་གསོལ།།
ཞེས་གསུངས་པ་བཞིན་མ་རིག་པའི་དབང་གིས་ཚོར་དང་མ་ཚོར་ཅི་རིག་ཀྱི་དམ་ཚིག་ཉམས་ཆག་འབྱུང་བ་རྣམས་དག་ཅིང་མཚངས་པར་མཛད་པར་གསོལ་བ་ལྷན་ཅིག་ཏུ་འདེབས་པ་ལགས་སོ།། དེ་ལྟར་རྣམ་དཀར་བྱེ་བའི་བསོད་ནམས་ཀྱིས་རང་ཅག་རྣམས་ཀྱང་ཚེ་འདིར་མཐར་པའི་ལམ་སྣ་ཟིན་པ་དང་ཕྱི་མར་འཚོམ་བུ་གཅིག་ཏུ་སངས་རྒྱས་པའི་མཐུན་འགྱུར་བླ་མ་མེད་པ་དྲིན་ཆེན་བླ་མའི་གཙོས་ཕྱོགས་བཅུ་རྒྱལ་བ་སྲས་བཅས་པ་ཡིད་དམ་ཞི་ཁྲོ་བཀའ་སྲུང་དམ་ཅན་ཆོས་སྲུང་བ་རྣམས་ཀྱི་ཞལ་གྱིས་བཞེད་པར་གསོལ།།

དྲི་མེད་ཤེལ་དཀར་དག་པའི་བདུད་རྩིའི་ཆུས།།
མ་རིག་ལིང་རྟོག་དྲྭ་བའི་མུན་འཐུམས་གྱིས།།
བགྱིས་དང་བགྱིད་སྩལ་བྱས་པའི་ཉམས་ཆག་ཀུན།།
མ་ལུས་གཅིག་ཏུ་འཇོམས་པར་མཛད་དུ་གསོལ།།

༈ དགེ་འདུན་པ་རྣམས་རྣམས་ཉིན་དགུང་གི་གསོལ་ཚོགས་ལ་རོལ་བཞིན་པ། དབྱར་གནས་ཀྱིནདུསནནཟང་ཁྱད་པར་ཅན་དང་འབྲེལ་དགེ་འདུན་པ་རྣམས་ཞོགས་...
17/08/2024

༈ དགེ་འདུན་པ་རྣམས་རྣམས་ཉིན་དགུང་གི་གསོལ་ཚོགས་ལ་རོལ་བཞིན་པ།
དབྱར་གནས་ཀྱིནདུསནནཟང་ཁྱད་པར་ཅན་དང་འབྲེལ་དགེ་འདུན་པ་རྣམས་ཞོགས་པ྄ི་ཆར་སྒྲོལ་མ་མཎྜལ་བཞི་པའི་ཆོ་དང་འབྲེལ་རི་བོ་བསང་མཆོད། ཉིན་གུང་གསོལ་ཚོགས་དྲངས་མཁན་དད་ལྡན་སྦྱིན་བདག་རྣམས་བར་ཆད་སེལ་ཤིང་བྱ་མ་ལམ་ལྷོངས་ཆེད་བར་བསམ་སྒྲོལ་གསུམ་བདུགས་ཤེར་སེང་གསུམ་ཟློག་པ་ཚེ་སྒྲུབ་འདོན་པ་དང་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་སོགས་འདོན་ནས་ཉིན་གུང་གི་གསོལ་ཚོགས་རོལ་བཞིན་པ།

༈ དབྱར་གནས་དང་འབྲེལ་དགེ་སྦྱོར་གསལ་བསྒྲགས། Announcement of virtuePlease come and pray for us.
20/07/2024

༈ དབྱར་གནས་དང་འབྲེལ་དགེ་སྦྱོར་གསལ་བསྒྲགས།

Announcement of virtue
Please come and pray for us.

མན་ངག།
20/07/2024

མན་ངག།

“Belief creates feelings. If you believe a Buddha statue represents Buddha, you will feel blessed. If you don't believe it represents Buddha, you will not feel the blessing.”

-Kyabje Rinpoche

མི་ཕམ་འདས་མཆོད”༈ ཤེས་བྱའི་གནས་ཀུན་ཆགས་ཐོགས་མེད་པར་མཁྱེན།། ཕས་རྒོལ་རི་རབ་དཔུང་གིས་མི་ཕམ་ཞིང་།། བློ་གྲོས་སྤོབས་པས་གཏེར་རྒྱ...
05/06/2024

མི་ཕམ་འདས་མཆོད”

༈ ཤེས་བྱའི་གནས་ཀུན་ཆགས་ཐོགས་མེད་པར་མཁྱེན།།
ཕས་རྒོལ་རི་རབ་དཔུང་གིས་མི་ཕམ་ཞིང་།།
བློ་གྲོས་སྤོབས་པས་གཏེར་རྒྱས་འཇམ་དཔལ་དབྱངས།།
ལུང་རིགས་གྲུབ་མཐའ་ཀུན་ལས་རྣམ་པར་རྒྱལ།།
ཐོས་སོགས་རྒྱ་མཚོ་ལྟ་བུའི་མཛོད་འཛིན་པ།།
མཁྱེན་བརྩེ་ནུས་པའི་དཔལ་ཡོན་ཕུན་ཚོགས་ཀྱིས།།
གསང་ཆེན་ཨ་ཏིའི་རིང་ལུགས་དར་ཞིང་རྒྱས།།
ནང་རྒྱུད་ཡོ་ག་རྣམ་གསུམ་རྒྱལ་བར་ཤོག །

ཚེ་འདས་ཕུན་ཚོགས་དབྱངས་འཛོམས་ Phutsho yangzom བར་དོ་འཁྲུལ་སྣང་གི་འཇིགས་པ་སྒྲོལ་ཏེ་རྣམ་མཁྱེན་གདོད་མའི་སངས་རྒྱས་ཀྱི་གོ་འཕང་...
01/06/2024

ཚེ་འདས་ཕུན་ཚོགས་དབྱངས་འཛོམས་ Phutsho yangzom བར་དོ་འཁྲུལ་སྣང་གི་འཇིགས་པ་སྒྲོལ་ཏེ་རྣམ་མཁྱེན་གདོད་མའི་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་འཐོབ་ཕྱིར་ཞི་ཁྲོ་སྔགས་ཀྱི་གསོ་སྦྱོང་གནང་བ།

༈ ས་ག་ཟླ་བའི་ནང་དགེ་སྦྱོར་ཆེན་མོ” ཡུམ་ཆེན་མོའི་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་རྒྱས་འབྲིང་བསྡུས་གསུམ་དག་སྒྲོག་གནང་བཞིན...
22/05/2024

༈ ས་ག་ཟླ་བའི་ནང་དགེ་སྦྱོར་ཆེན་མོ”

ཡུམ་ཆེན་མོའི་ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་རྒྱས་འབྲིང་བསྡུས་གསུམ་དག་སྒྲོག་གནང་བཞིན་པ།
སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།།
མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད།།
སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།།
དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་བགྱིའོ།།

ཏདྱ་ཐཱ། ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོ་སྭཱ་ཧཱ།

༈ ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཀྱི་ངོ་སྤྲོད་མདོར་བསྡུས།           ༡) སྟོན་པ་ལྷུམས་སུ་ཞུགས་པའི་དུས་ཆེན།          ས་ག་ཟླ་...
21/05/2024

༈ ས་ག་ཟླ་བའི་དུས་ཆེན་གསུམ་འཛོམས་ཀྱི་ངོ་སྤྲོད་མདོར་བསྡུས།

༡) སྟོན་པ་ལྷུམས་སུ་ཞུགས་པའི་དུས་ཆེན།

ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན། །
སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་དུས། །
གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི། །
རྣམ་པར་ལྷུམས་སུ་ཞུགས་ལ་གསོལ་བ་འདེབས། །
ཞེས་སྔོན་རྒྱ་གར་བྱང་ཕྱོགས་སེར་སྐྱའི་ཡུལ་གྱི་རྒྱལ་པོ་ཟས་གཙང་དང་། རྒྱལ་པོ་ཆེན་པོ་འདིའི་བཙུན་མོ་ཀོ་ལི་ཡའི་རིགས་ཀྱི་སྲས་མོ་སྒྱུ་འཕྲུལ་ཆེན་མོ་གཉིས་ལ་དུས་རིང་མོ་ཞིག་ནས་སྲས་ཤིག་འཁྲུངས་རྒྱུར་རེ་སྒུག་བྱས། དེ་ལྟའི་ལོ་ཟླའི་དུས་རིམ་བཞིན་བཞུད་རྗེས་ས་ཟླའི་ཚེས་ཆེན་བཅོ་ལྔ་ཞིག་གི་མཚན་མོར། བཙུན་མོ་སྒྱུ་འཕྲུལ་ཆེན་མོ་ལ་མཚན་ལམ་ཡ་མཚན་བ་ཞིག་བྱུང་། དེ་ཡང་མཚན་ལམ་ནང་ལྷ་དང་ལྷ་མོ་བཞི་ཡིས་བཙུན་མོ་ཁོང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཚོ་མ་དྲོས་ཞེས་པ་དེར་ཁྲིད་ནས། དེ་དག་གིས་ཁོང་ལ་སྐུ་ཁྲུད་གསོལ་བར་བྱས་ཏེ། རབ་འཇམ་ལྷ་རྫས་ཀྱི་ན་བཟའ་གཡོག དེ་རྗེས་དུང་ལྟར་དཀར་བའི་གླང་ཆེན་ཞིག་གིས་མཆེ་བའི་དཀྱིལ་པད་དཀར་གྱི་མེ་ཏོག་འགའ་ཁྱེར་ནས། ཁོང་ལ་ལན་གསུམ་གྱི་བར་བསྐོར་བ་བྱས་ཏེ་མཐར་གླང་ཆེན་དེ་མི་སྣང་བར་གྱུར། དེ་ནི། གླང་ཆེན་ཐ་དཀར་ཆེབ་དྲུག་ལྡན་པ།།རྣམ་པར་ལྷུམས་སུ་བཞུགས་ལ་གསོལ་བ་འདེབས།། ཞེས་པ་དེ་ཡིན། དེ་ནས་ཁོང་མནལ་སད་པས་དེ་ཚོ་ཚང་མ་རྨི་ལམ་ཡིན་པ་གཞི་ནས་ཤེས། ཕྱི་ཉིན་ཞོགས་པ་སྔ་པོར་བཙུན་མོ་སྒྱུ་འཕྲུལ་ཆེན་མོ་རྒྱལ་པོའི་མདུན་དུ་བཅར་ནས་ཁོང་གི་མཚན་ལམ་གྱི་སྐོར་ཇི་བཞིན་ཞུས་པ་ན། རྒྱལ་པོ་ཆེན་པོས་བཙུན་མོའི་མཚན་ལམ་དོན་མ་མཁྱེན་པར་བརྟེན། ཁོང་གིས་མཁྱེན་རྒྱ་ཆེ་བའི་དྲང་སྲོང་འགའ་ཕོ་ཕྲང་དུ་གདན་དྲངས། མཚན་ལྟས་ལ་བརྟག་པ་བྱེད་དུ་བཅུག་ནས་དེའི་སྐོར་བཀའ་འདྲི་ཞུས་པར། མཁྱེན་རྒྱ་ཆེ་བའི་དྲང་སྲོང་དག་གིས་མགྲིན་གཅིག་ཏུ་ཞུས་པ། ལྷ་དང་ལྷ་མོའི་ཚོགས་ཀྱིས་བཙུན་མོ་སྒྱུ་འཕྲུལ་མ་ཆེན་མོ་སངས་རྒྱས་ཀྱི་ཡུམ་ཆེན་དུ་བདམས་པ་ལགས་ན་ཁྱེད་ནི་ཇི་འདྲའི་སྐུ་བསོད་དང་ལྡན་པ་ཞིག དེས་ན་སྲས་དེ་རིང་པོར་མི་ཐོགས་པར་བླ་ན་མེད་པ་ཞིག་ཏུ་འགྱུར་བར་ངེས་སོ་ཞེས་ཞུས་པ་ན། བཀྲ་ཤིས་པའི་གཏམ་བཟང་དེས་རྒྱལ་པོ་ཡབ་ཡུམ་གཉིས་ཐུགས་སྤྲོ་བ་རབ་ཏུ་གཏད་དོ། བཀྲ་ཤིས་པའི་གཏམ་དེས་རྒྱལ་བློན་འཁོར་བཅས་ཕོ་བྲང་ནང་གདན་འཛོམས་ནས་མགྲོན་འབོད་ཀྱི་གསོལ་སྟོན་ཟབ་རྒྱས་ལ་རོལ་ལོ།། དེ་ནས་བཀྲ་ཤིས་ཤིང་དོན་འགྲུབ་པའི་གཏམ་བཟང་གི་གནས་ཚུལ་དེ་ཡོངས་ཁྱབ་ཏུ་གསལ་བསྒྲགས་གནང་། ཐ་ན་ཡུལ་མི་དབུལ་ཞིང་ཕོངས་པ་དག་ལའང་ཟས་གོས་ཀྱི་སྦྱིན་གཏོང་གནང་རྒྱུ་སོགས་མདོར་ན་བཀྲ་ཤིས་པའི་དགེ་མཚན་འབུམ་གྱིས་ཕྱུག་པར་བྱས་སོ།།
ཅེས་སྟོན་པ་ཐུབ་པའི་དབང་པོ་ལྷུམས་སུ་ཞུགས་པའི་མཛད་ཚུལ་མདོ་ཙམ་དེ་གདུལ་བྱ་ཐུན་མོངས་བའི་བློ་ཚོད་དང་བསྟུན་ཏེ་ཐུབ་སྲས་གཞོན་ནུར་འབོད་པ་དེས་ལྷུམས་སུ་ཞུགས་པའི་མཛད་པའི་རྗེས་དྲན་དུ་ཕུལ།

༢) སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་ཚུལ།

སུམ་བཅུ་རྩ་ལྔའི་དགུང་ལོར་ཉེར་བབས་དུས། །
ས་ག་ཟླ་བའི་བཅོ་ལྔའི་ཐུན་དྲུག་གི། །
ཐ་མར་བླ་མེད་བྱང་ཆུབ་འདུད་རྩིའི་བཅུད། །
ཐུགས་ཀྱི་དཔལ་བེར་གཏམས་ལ་གསོལ་བ་འདེབས། །
ཞེས་དགེ་སྦྱོང་གོ་བོ་ཏམ་མ་ཆུ་བོ་ནེཉྫནའི་འགྲམ་གྱི་དཀའ་ཐུབ་ལས་བཞེངས་ཏེ་བུ་མོ་ལེགས་སྐྱེས་མས་ཕུལ་བའི་འོ་ཐུག་གསོལ། དེ་ནས་ཁོང་རྡོ་རྗེ་གདན་དུ་བྱོན་ནས། དེ་ཀར་བྱང་ཆུབ་ཤིང་གི་བསེལ་གྲིབ་འོག་བཞུགས་ནས་ཞལ་ཤར་ཕྱོགས་སུ་གཟིགས་ཏེ་ན་རེ་རང་ལུས་ཀྱི་ཟུངས་ཁྲག་སྐམ་ཞིང་ལུས་ཀྱི་པགས་པ་དང་། རྩ་རྒྱུས། རུས་ཀོག་རྣམས་འཐོར་བརླག་ཏུ་སོང་ཡང་། ངས་བླ་ན་མེད་པའི་ཡེ་ཤེས་གཏན་གྱི་བདེ་བ་འབྱུང་བའི་གནད་གཅིག་པུ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ་གདན་འདི་ལས་བཞེང་བར་མི་བྱའོ། བསྟན་འདིར་བདག་གི་ལུས་འདི་སྐམ་ཡང་རུང་།། པགས་པ་རུས་པའི་ཚོགས་རྣམས་བཞིག་ཀྱང་རུང།། བསྐལ་མང་རྙེད་དཀའི་བྱང་ཆུབ་མ་འཐོབ་བར།། བསྟན་འདི་ལས་ནི་ལུས་སྤྱོད་མི་བྱའོ།། ཞེས་འགྱུར་བ་མེད་པའི་དམ་བཅས་ཏེ། ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་སྔ་ཉིན་ཏེ་ཚེས་བཅུ་བཞིའི་དགོང་མོར་དབུགས་འབྱུང་རྔུབ་ཀྱི་སྒོ་ནས་རྩེ་གཅིག་པའི་ཏིང་འཛིན་ལ་སྙོམས་པར་ཞུགས་སོ།། འོན་ཀྱང་ཁོང་གིས་དབུགས་འབྱུང་རྔུབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའི་རིང་ཐུགས་རྒྱུད་ལ་བསམ་བློ་མ་རུངས་པ་སྟེ་ཉོན་མོངས་པའི་བསམ་པ་དག་གཅིག་རྗེས་གཉིས་མཐུད་ཀྱིས་སྐྱེ་འགོ་ཚུགས་པ་དེར་ན། འཇིག་རྟེན་འདིའི་དཔལ་ཡོན་ལ་ཆགས་པའི་འདོད་ཆགས་དང། ལོག་འཚོས་མ་གོས་པའི་ཚུལ་ལྡན་གྱི་སྐྱེ་བོ་ལ་མི་དགའ་བ། ཤུགས་ཆེ་བའི་ལྟོག་སྐོམ་གྱི་ཚོར་བས་གཙེས་པ། མཁོ་རྒུའི་ལོངས་སྤྱོད་མཐའ་དག་རང་ཉིད་ལ་དབང་བར་འདོད་ཅིང་དེ་ལ་སྲེད་པའི་འདོད་སྲེད། སྒྱིད་ལུག་པ་དང་། ལེ་ལོ། བདུད་དང་གནོད་པས་འཇིགས་པ་དང་། ཐེ་ཚོམ། རྨོངས་པ། མཁྲེགས་བཟུང་། ཡོད་ཚད་རང་ཉིད་གཅིག་པུར་དབང་བར་འདོད་པའི་འདུན་པ་དང་། རང་གི་སྙན་གྲགས་ཀྱི་ཕྱིར་བསྟོད་ན་དགའ་ཞིང་གུས་ཞབས་ལ་གཉེར་བ། གཞན་ལ་དམའ་འབེབ་ཅིང་རང་ཉིད་ཀུན་ནས་མཐོ་བར་འདོད་པ་སོགས་ཉོན་མོངས་པ་རྣམས་ཀྱིས་ཁོང་གི་རྩེ་གཅིག་པའི་ཏིང་འཛིན་ལ་བར་དུ་གཅོད་པར་བརྩམས་ན་འང་། དགེ་སྦྱོང་གོ་བོ་ཏམ་མ་ཁོང་གིས་ཐུགས་སེམས་རྣལ་དུ་ཕབ་སྟེ་རྩེ་གཅིག་པའི་ཏིང་འཛིན་ལ་སྔར་ལས་བློ་རྩེ་ཇེ་བརྟན་ངང་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་སྒོ་ནས་མུ་མཐུད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།།
དེ་ལྟར་མཉམ་པར་བཞག་འབྲས་སུ་མཚན་མོ་ཆ་གསུམ་དུ་ཕྱེ་བའི་ནམ་གྱི་ཆ་སྟོད་ཙམ་ལ་། གོང་དུ་བགྲངས་པའི་ཉོན་མོངས་པའི་བསམ་པ་མ་རུང་པ་དག་གཏན་དུ་བཅོམ་སྟེ། རང་ཉིད་ཀྱི་སྔོན་གནས་རྗེས་སུ་དྲན་པའི་ཤེས་རབ་རླབས་པོ་ཆེ་ཐུགས་རྒྱུད་ལ་འཁྲུངས། དེ་ནས་ནམ་གྱི་ཆ་དཀྱིལ་ཙམ་ལ་སྐྱེ་བ་དང་འཆི་བ་ངེས་པའི་ཤེས་རབ་འཁྲུངས་ཤིང་། ནམ་གྱི་ཆ་སྨད་དེ་ཐོ་རངས་ཀྱི་སྐབས་སུ་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་རྒྱུ་ཀུན་འབྱུང་བདེན་པ་ངོས་ཟིན་ཅིང་དེའི་གཉེན་པོ་ལམ་གྱི་བདེན་པ་ཡང་རྒྱུད་ལ་འཁྲུངས་སོ།། དུས་དེ་ནས་བཟུང་དགེ་སྦྱོང་གོ་ཏམ་མ་ནི་འཛམ་གླིང་འདིའི་ཐོག་གི་རྣམ་དཔྱོད་རྨད་དུ་བྱུང་ཞིང་གོང་ན་མེད་པའི་གང་ཟག་གཅིག་པུ་རུ་གྱུར་ཏེ། ཁོང་གིས་ལོ་མང་རིང་རང་ཉིད་ཀྱི་ཐུགས་ལ་ཉར་བའི་དྲི་བ་ཡོངས་ལ་རྙེད་ཅིང་། འཛམ་གླིང་འདིའི་སྐྱེ་བོ་ཡོད་དོ་ཅོག་གི་དྲི་བ་ཀུན་ལ་ལན་ཐོབ་པར་གྱུར། དེ་ལྟར་ཁོང་གིས་ན་བ་དང་། རྒ་བ། འཆི་བ། མྱ་ངན་དང་། མི་བདེན་པ་དང་། སྡུག་བསྔལ་སོགས་ཀྱི་མཐའ་ཇི་ལྟར་གཅོད་དགོས་པ་ཡང་མཁྱེན་ཅིང་། གཏན་གྱི་བདེ་བ་དང་། ཞི་བ་བྱང་གྲོལ་སོགས་ཀྱང་ཁོང་དུ་ཆུད། གང་ལྟར་དགེ་སྦྱོང་གོ་ཏམ་མ་ཁོང་ནི་སྤྱིར་བཏང་གི་འགྲོ་བ་མིས་ཤེས་ཐུབ་པའི་ཤེས་ཚད་ལས་ཕ་རོལ་དུ་སོན་ཏེ་ད་གཟོད་ཁོང་ཐམས་ཅད་མཁྱེན་པར་གྱུར་ཏོ།།


༣) སྟོན་པ་མྱ་ངན་ལས་འདའ་བའི་མཛད་ཚུལ་བསྟན་པའི་དུས་ཆེན།

བརྒྱད་བཅུའི་ལོ་ལ་སླེབས་པའི་དཔྱིད་ཐ་ཡི། །
བཅོ་ལྔའི་ཚེས་ཀྱི་ནང་པར་དེ་བཞིན་གཤེགས། །
འཇིག་རྟེན་ཁམས་སུ་མི་སྣང་ལྟར་གྱུར་ནས། །
མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ། །
ཞེས་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་ཚུལ།། དེ་རྗེ་ཉན་ཐོས་ཀུན་དགའ་བོ་ལ་གསུངས་པ། ཀུན་དགའ་བོ། ཕྱིས་སུ་དགེ་འདུན་པའི་ཁྲོད་ནས་རེ་ཟུང་གིས། ང་ཚོའི་སྟོན་མྱ་ངན་ལས་འདས་ཟིན་པས། ད་ནི་ང་ཚོ་ལ་སྟོན་པའམ་སློབ་དཔོན་ཡོད་པ་མ་ཡིན་ནོ་ཟེར་སྲིད་པས། དེ་ནི་མ་ལགས་ཤིང་དེ་ལྟ་བུའི་བསམ་བློ་གཏོང་མི་རུང་བ་ཡིན། ང་མྱ་ངན་ལས་འདས་པའི་འོག་ཏུ་སྔོན་ངས་ཁྱེད་ཅག་ལ་བསྟན་པའི་འདུལ་བའི་ལྟ་གྲུབ་ཀྱི་གཞུང་ལུགས་ཐམས་ཅད་ཁྱེད་ཅག་གི་སྟོན་པར་གྱུར་པ་ཡིན། ཞེས་གསུངས་སོ།།
དེ་བཞིན་ཁོང་གིས་དགེ་འདུན་པ་གཞན་རྣམས་ལ་འདི་ལྟར། གལ་སྲིད་ཁྱེད་ཅག་དགེ་འདུན་པའི་ཁྲོད་དུ་སྐྱབས་གནས་དཀོན་མཆོག་གསུམ་གྱི་སྐོར་ལ་ཐེ་ཚོམ་མམ་དོགས་གནས་ཀྱི་དྲི་བ་ཡོད་ན། ད་ལྟ་ཉིད་དུ་དྲིས་ཤིག་མ་གཏོགས་ང་མྱ་ངན་ལས་འདས་ཟིན་པའི་འོག་ཏུ། སངས་རྒྱས་ཞལ་བཞུགས་སྐབས་དོགས་གནས་འདིའི་སྐོར་ལ་བཀའ་འདྲི་ཞུ་མ་ཐུབ་ཅེས་འགྱོད་པའི་རྒྱུར་འགྱུར་བར་ངེས། ཞེས་གསུངས་ན་ཡང་། དེའི་སྐོར་ལ་དགེ་འདུན་པ་སུ་ཞིག་གིས་ཀྱང་བཀའ་འདྲི་མ་ཞུས་པར་འཇམ་ཐིང་ངེར་ཁུ་སིམ་མེར་བཞུགས་སོ། །དེ་ལྟར་སྟོན་པས་ལན་གཉིས་དང་གསུམ་ལ་སོགས་པ་བཀའ་གནང་ན་ཡང་དྲི་བ་གང་ཡང་མ་བྱུང་བར་འཇམ་ཐིང་ངེར་བཞུགས་སོ།།
སླར་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་འདུན་པའི་ཚོགས་ལ་ཁོང་གི་སྐུ་ཚེའི་ཆེས་མཐའ་འཇུག་གི་གདམས་པ་གནང་བ་ནི་འདི་ལྟར། ཉན་ཐོས་དག་འདི་ནི་ངའི་ཆེས་མཐའ་འཇུག་གི་སློབ་སྟོན་ཡིན་པས་ཁྱེད་རྣམས་ཀྱིས་ལེགས་པར་ཉོན་ཅིག །འདུས་བྱས་ཐམས་ཅད་འགྱུར་བའི་རང་བཞིན་ཅན་དུ་ངེས་པས་གཏན་དུ་སྡོད་པ་མ་ལགས་སོ། །དེས་ན་ཁྱེད་ཅག་གིས་ཐར་པའི་གོ་ཕང་སྒྲུབ་སླད་བརྩོན་པ་ཆེན་པོ་སྟེན་ཅིག ། ཅེས་གསུངས་སོ།།
དེ་ནས་སངས་རྒྱས་བཅོམ་ལྡན་འདས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས། བསམ་གཏན་དང་པོ་ནས་ལུགས་བྱུང་དུ་མཉམ་པར་བཞག་ནས་འགོག་པ་ལས་སླར་ལྡང་སྟེ་ཡང་ལུག་ལྡོག་ཏུ་བསམ་གཏན་དང་པོའི་བར་སྙོམས་པར་ཞུགས། དེ་ནས་ཡང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རབ་མཐའི་བསམ་གཏན་བཞི་པ་ལ་བརྟེན་ནས་འཇིག་རྟེན་འདི་དང་གཞན་གང་དུའང་སླར་སྐྱེ་བ་ལེན་པའི་རྒྱུ་ཚོགས་རྩད་ནས་སྤངས་ཏེ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན་སྐུ་མྱ་ངན་ལས་འདས་སོ།། །།
དེས་ན་ས་ཟླའི་ཡར་ཚེས་བཅོ་ལྔ་འདི་ལ་དུས་ཆེན་གསུམ་འཛོམས་ཡིན་ཏེ། རྒྱ་ཆེན་རོལ་པ་ལས་ལྷུམས་ཞུགས་ཀྱི་དུས་ཆེན་ཡིན་པར་གསུངས། མངོན་བྱུང་གི་མདོ་ལས། མངོན་པར་བྱང་ཆུབ་པའི་དུས་ཆེན་ཡོད་པར་གསུངས། མྱང་འདས་ཆེན་པོ་ལས། མྱ་ངན་ལས་འདས་པའི་དུས་ཆེན་ཡོད་པར་གསུངས་པའི་ཕྱིར་རོ། དེ་ཡང་།
ས་གའི་ཡར་ཚེས་བཅོ་ལྔ་ལ།།
ལྷུམས་ཞུགས་བྱང་ཆུབ་མྱང་འདས་ཏེ།།
རྣམ་གསུམ་འཛོམས་པའི་དུས་ཡིན་ནོ།།
ཅེས་ཚིགས་སུ་བཅད་པའོ།།

དེ་ནི་ས་ཟླའི་དུས་ཆེན་གསུམ་འཛོམས་གྱི་སྟོན་པ་བཀའ་དྲིན་ཅན་གུས་བཏུད་ཀྱི་མཆོད་པ་བྱ་ཕྱིར་དང་རྗེས་དྲན་ཞུ་ཆེད་དུ་སྦིས་གདུང་པདྨ་མདོ་སྔགས་བྱང་ཆུབ་འོད་གསལ་ཆོས་གླིང་གྲྭ་ཚང་གི་འདུས་སྤྱི་ནས་ཕུལ།

Address

Tashigang

Website

Alerts

Be the first to know and let us send you an email when ༈པདྨ་མདོ་སྔགས་བྱང་ཆུབ་འོད་གསལ་ཆོས་གླིང་། PDJWC Monastery posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Videos

Share