Ani Choeten Zangmo Foundation

Ani Choeten Zangmo Foundation Contact information, map and directions, contact form, opening hours, services, ratings, photos, videos and announcements from Ani Choeten Zangmo Foundation, Nonprofit Organization, Drametse Dratshang, Mongar.

༆ མི་དབང་རྒྱལ་སྲསམོ་མཆོག་དགུང་གྲངས་ ༣ བཞེས་པའི་སྐུའི་འཁྲུངས་སྐར་དུས་སྟོན་ལུ་བཀྲིས་བདེ་ལེགས་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འ...
08/09/2026

༆ མི་དབང་རྒྱལ་སྲསམོ་མཆོག་དགུང་གྲངས་ ༣ བཞེས་པའི་སྐུའི་འཁྲུངས་སྐར་དུས་སྟོན་ལུ་བཀྲིས་བདེ་ལེགས་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདེབས་ཞུས།❤️

31/08/2026
We are deeply saddened by the recent devastating flash flood along the China-Nepal border, which claimed many lives, cau...
28/08/2026

We are deeply saddened by the recent devastating flash flood along the China-Nepal border, which claimed many lives, caused numerous injuries, and destroyed homes and properties. On this auspicious day, His Eminence the 11th Peling Sungtrul Rinpoche, Jigdrel Kunzang Pema Dorji, together with the monastic community of Thegchog Namdrol Ugyen Choling Peling Buddhist College in Drametse, Mongar, offered extensive prayers. These footages are shared to show that His Eminence and the monks are praying for the deceased to be liberated from the fears of the bardo and attain rebirth in the pure land, and to pray that such catastrophic disasters never happen again.
Commission for Religious Organizations

28/08/2026

༉ ཉེ་ཆར་རྒྱ་ནག་དང་བལ་ཡུལ་ས་མཚམས་ལུ་གློ་བུར་དུ་ཆུ་རུད་ཚབས་ཆེན་གཅིག་བྱུང་བའི་རྐྱེན་ངན་ནང་ཁང་ཁྱིམ་དང་རྒྱུ་ནོར་མིའི་ཚེ་སྲོག་ལུ་ཤི་རྨས་མང་རབས་གཅིག་བྱུང་ཡོད་མི་ལུ་བློ་ཕམ་སྦོམ་ཡོད། ད་རིས་དུས་བཟང་ཁྱད་པར་ཅན་དང་འབྲེལ་ཤར་ཕྱོགས་མོང་སྒར་ཆ་འོག་དགྲ་མེད་རྩེ་ཐེག་མཆོག་རྣམ་གྲོལ་ཨོ་རྒྱན་ཆོས་གླིང་མཐོ་རིམ་སློབ་གྲྭའི་དགེ་འདུན་པ་ཡོངས་ནས་བར་དོའི་འཇིགས་སྣང་ལས་འགྲོལ་ཏེ་དག་པའི་ཞིང་སུ་སྐྱེ་བའི་དོན་ལུ་དང་། དེ་ཕྱིན་ཆད་རྐྱེན་ངན་འདི་བཟུམ་མི་འབྱུང་ནིའི་དོན་ལུ་ཐུགས་སྨོན་གཟབ་རྒྱས་གནང་བའི་མཐོང་སྣང་གཟིགས་ཕུལ་ཞུ།།
Commission for Religious Organizations

༆ ད་རིས་རང་ལུགས་གནམ་ལོ་མེ་ཕོ་རྟ་ལོ་རང་ཟླ་ ༧ པའི་ཚེས་ ༡༥ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༢༨ ཀྱི་སྔ་དྲོ་ལག་འཁོར་ཆུ་...
28/08/2026

༆ ད་རིས་རང་ལུགས་གནམ་ལོ་མེ་ཕོ་རྟ་ལོ་རང་ཟླ་ ༧ པའི་ཚེས་ ༡༥ སྤྱི་ལོ་ ༢༠༢༦ སྤྱི་ཟླ་ ༨ པའི་སྤྱི་ཚེས་ ༢༨ ཀྱི་སྔ་དྲོ་ལག་འཁོར་ཆུ་ཚོད་ ༧ དང་སྐར་མ་ ༡༣ ལས་ཉི་མའི་ཆུ་ཚོད་ ༡ དང་སྐར་མ་ ༡༢ ཀྱི་རིང་ཟླ་འཛིན་ཡོདཔ་ལས་ དེའི་སྐབས་ལུ་དགེ་སྡིག་སྤང་བླང་ག་ཅི་མཛད་རུང་ ཟླ་འཛིན་སྐབས་ལུ་བྱེ་བ་བདུན་འགྱུར་ཡོདཔ་ལས་བརྟེན་ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་རྣམ་དཀར་དགེ་བའི་ལཱ་ལུ་བརྩོན་གནང་བར་ཞུས།

15/08/2026
  Commission for Religious Organizations Ani Choeten Zangmo Foundation
12/08/2026

Commission for Religious Organizations Ani Choeten Zangmo Foundation

31/07/2026

࿑ དུས་ཅི་རང་ལུགས་གནམ་ལོ་མེ་ཕོ་རྟ་ལོ་ རང་ཟླ་ ༦ པའི་ཚེས་ ༡༦། སྤྱི་ལོ་ ༢༠༢༦ ཟླ་ ༧ པའི་ཚེས་ ༣༠ གཟའ་སྐར་ཕུན་སུམ་ཚོགས་པའི་བཀྲ་ཤིས་དཔལ་གྱི་ཉིནམ་འདི་ཁར་དགྲ་མེད་རྩེའི་སྒྲུབ་སྡེ་ཀུན་བཟང་བསམ་གཏན་འོད་ཟེར་གླིང་གི་སྒྲུབ་ཐེངས་གསུམ་པའི་མཚམས་པ་རྣམས་ ལོ་གསུམ་ཕྱོགས་གསུམ་གྱི་བསྙེན་མཚམས་ལེགས་པར་གྲོལ་བའི་བཀའ་དྲིན་བཏང་རག་གི་ཚོགས་འཁོར་དང་དང་འབྲེལ་ ལྷོ་གཏེར་བསྟན་པའི་མངའ་བདག སྔ་འགྱུར་བསྟན་པའི་གསལ་བྱེད། པད་གླིང་བསྟན་པའི་སྲོག་ཤིང་། བཀའ་དྲིན་གསུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་ ༸པད་གླིང་གསུང་སྤྲུལ་སྐུ་ཕྲེང་བཅུ་གཅིག་པ་སྐྱབས་རྗེ་འཇིགས་བྲལ་ཀུན་བཟང་པདྨ་རྡོ་རྗེ་རིན་པོ་ཆེ་མཆོག་ལུ་ བཀའ་དྲིན་རྗེས་དྲན་གྱི་གུས་བཏུད་གླུ་དབྱངས་༼དྲི་ཟའི་གླིང་བུ་༽ཟེར་བའི་གློག་ཐུང་ཅིག་བཟོ་སྐྲུན་འབད་དེ་ཡོད་མི་འདི་ ཐུགས་སྤྲོ་བའི་སྒོ་ལས་ཀུན་གྱིས་གསན་གཟིགས་གནང་སྟེ་བཀའ་དྲིན་བསྐྱང་གནང་ཞུ།།
"Today, on the auspicious and propitious day of the 16th day of the 6th month of the Female Fire Horse Year of our traditional calendar, corresponding to July 30, 2026, the third batch of practitioners (tsampas) from the Drametse Drubde Kunzang Samten Odzer Ling monastery have successfully completed their three-year, three-month retreat.
In connection with the thanksgiving Feast Offering (Tsogkhor) ritual, a short video titled 'The Gandharva's Flute' (Drizai Lingbu) has been produced as a musical tribute of gratitude to our root teacher who possesses the three kindnesses: the master of the Southern Terma teachings, the illuminator of the Nyingma doctrine, the life-tree of the Peling tradition, the 11th Peling Sungtrul, His Holiness Kyabje Jigdrel Kunzang Pema Dorje Rinpoche.
We respectfully request everyone to joyfully watch and listen to this tribute, and bestow your blessings."
Commission for Religious Organizations Ani Choeten Zangmo Foundation Drametse Gewog Administration, Mongar ゚viralシ

༆ ད་རིས་རང་ཟླ་ ༦ པ་ཚེས་ ༤ འདི་བདག་ཅག་གི་སྟོན་པས་བདེན་བཞིའི་ཆོས་འཁོར་བསྐོར་གནང་བའི་དུས་ཆེན་ཁྱད་པར་དང་འབྲེལ་ ང་བཅས་ཤར་ཕྱོག...
18/07/2026

༆ ད་རིས་རང་ཟླ་ ༦ པ་ཚེས་ ༤ འདི་བདག་ཅག་གི་སྟོན་པས་བདེན་བཞིའི་ཆོས་འཁོར་བསྐོར་གནང་བའི་དུས་ཆེན་ཁྱད་པར་དང་འབྲེལ་ ང་བཅས་ཤར་ཕྱོགས་དགྲ་མེད་རྕེ་གྲྭ་ཚང་གི་སྐྱབས་འཛིན་དམ་པ་པད་གླིང་སྐུ་ཕྲེང་ ༡༡ པ་༧སྐྱབས་རྗེ་འཇིགས་བྲལ་ཀུན་བཟང་པདྨ་རྡོ་རྗེ་མཆོག་གིས་དབུ་བཞུགས་ཐོག་གནས་བརྟན་ཕྱག་མཆོད་ཀྱི་གསུང་ཆོག་དང་བསམ་པ་ལྷུན་གྲུབ་ཀྱི་གསུང་ཆོག་གནང་སྟེ་ དགེ་ཕྲུག་རྣམ་གཉིས་ཀྱིས་དད་ལྡན་མི་མང་ལུ་ཆོས་བཤད་ཀྱི་ལས་རིམ་གནང་སྟེ་བདེ་བཞིའི་ཆོས་འཁོར་བསྐོར་བའི་དུས་ཆེན་བརྩི་སྲུང་ཞུ་བའི་མཐོང་གཟིགས་འབུལ།

༆ རང་ཟླ་ ༦ པའི་ཚེས་ ༤ འདི་བདག་ཅག་གི་སྟོན་པས་བདེན་བཞིའི་ཆོས་འཁོར་བསྐོར་གནང་བའི་དུས་ཆེན་རྗེས་དྲན་ཞུ།
18/07/2026

༆ རང་ཟླ་ ༦ པའི་ཚེས་ ༤ འདི་བདག་ཅག་གི་སྟོན་པས་བདེན་བཞིའི་ཆོས་འཁོར་བསྐོར་གནང་བའི་དུས་ཆེན་རྗེས་དྲན་ཞུ།

Address

Drametse Dratshang
Mongar
01100

Telephone

+97516451044

Website

Alerts

Be the first to know and let us send you an email when Ani Choeten Zangmo Foundation posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Organization

Send a message to Ani Choeten Zangmo Foundation:

Shortcuts

Share