14/09/2025
༄༅། །ཁང་སེང་ཕྱི་ལོ་ ༢༠༢༥།༨།༨ ཉིན་ནས་བལ་ཡུལ་དུ་ཛ་དྲག་པོའི་གནས་ཚུལ་མང་པོ་བྱུང་བཞིན་ཡོད་པ་དང་། ངོ་རྒོལ་སྐབས་འདས་གྲོངས་སུ་ཕྱིན་པ་དང་རྨས་སྐྱོན་ཕོག་པ་རྣམས་ནད་ལས་མྱུར་དུ་ཞི་བའི་སླད་དུ་དམིགས་ཏེ། རང་དགོན་པདྨ་ཚལ་གཙུག་ལག་སློབ་གཉེར་ཁང་གི་མཁན་རིན་པོ་ཆེ་བྱམས་པ་གྲགས་པ་མཆོག་དང་ལྷན་གྲོས་བསྡུར་བྱེད་པའི་འོག འདུས་ཚོགས་ནས་སྒྲོལ་ཆོག་དང་། ཚེ་ཆོག སྨོན་ཆོག་བརྒྱ་ཚར། བསྐང་བ་ཕྲིན་བཅོལ་བཟློག་པ་བཅས་གསོག་སྒྲུབ། དཔལ་ཀུན་རིག་གི་ཆོ་ག་དང་། མཆོད་མེ་བརྒྱ་མཆོད་འབུལ་བ་སོགས་ཆོས་རིམ་ཁག་གནང་བ་ལགས་སོ། །
འདིར་བརྟེན་འབྱུང་བའི་དགེ་རྩ་ཐམས་ཅད་ལས་མ་འོངས་བལ་ཡུལ་རྒྱལ་ཁབ་གཙོས་འཛམ་གླིང་ཕྱོགས་ཀུན་ཏུ་ནད་རྨུགས་འཁྲུག་རྩོད་ཐམས་ཅད་ཞི་ཞིང་། བདེ་བསྐྱིད་ཕྱོགས་ཀུན་ཁྱབ་པའི་སྨོན་འདུན་ཞུ། །
✨ Special Prayers for Nepal ✨
Pema Ts’al Sakya Monastic Institute recently held four days of special pujas dedicated to the peace, harmony, and well-being of our beloved country, Nepal.
With heartfelt prayers for the swift resolution of the current situation and the restoration of lasting peace and stability, the following pujas and offerings were performed:
1) Three Days of Mahakala Puja (for protection and the removal of obstacles)
2) 108 Tara Devi Puja (for swift blessings and liberation)
3) 108 Medicine Buddha Puja (for healing and recovery of the injured)
4) 108 Long Life Puja (for the health and longevity of all)
5) Kunrig (Vairochana) Puja (for purification and liberation of those who lost their lives)
6) 108 Butter Lamp Offerings (for light, peace, and harmony in Nepal)
These prayers and offerings were especially dedicated to those who lost their lives and those who were injured during the protests, and for the collective well-being of our nation.
May Nepal, now and always, be blessed with peace, unity, and harmony.