31/07/2026
༄༅། །ཁ་སེང་སྤྱི་ལོ་༢༠༢༦ ཟླ་༧ ཚེས་༣༠ རེས་གཟའ་ཕུར་བུའི་ཉིན་འདི་ག་དཔལ་ས་སྐྱའི་པདྨའི་ཚལ་གཙུག་ལག་སློབ་གཉེར་ཁང་གི་ཕྱག་བཏབ་པ་པོ་བདག་ཅག་ཡོངས་ཀྱི་མགོན་སྐྱབས་དང་བཀྲིན་མཚུངས་ཟླ་མ་མཆིས་པ་མཁན་རིན་པོ་ཆེ་ཀུན་དགའ་དོན་གྲུབ་མཆོག་དགུང་གྲངས་༦༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དགའ་དགའ་སྤྲོ་སྤྲོ་ངང་ལེགས་པར་སྲུང་བརྩི་ཞུས། ཞོགས་པ་མཁན་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་འདུས་སྤྱི་ཡོངས་ནས་བླ་མ་ཚེ་ལྷ་རྣམ་གསུམ་གྱི་ཆོག་ག་གཏོང་གནང་མཛད། དེའི་རྗེས་སུ་མཁན་རིན་པོ་ཆེ་བྱམས་པ་གྲགས་པ་མཆོག མཁན་རིན་པོ་ཆེ་ལེགས་བཤད་བསྟན་པ་མཆོག་དང་མཁན་རིན་པོ་ཆེ་ངག་དབང་བཀྲིས་མཆོག་རྣམ་གསུམ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། དགེ་སློབ་ཡོངས་ནས་མཁན་རིན་པོ་མཆོག་མཇལ་ཞུས་དང་བཀྲིས་པའི་འཚམས་འདྲིའི་མགུལ་དར་ཕུལ། བཤད་གྲྭ་དང་གཞི་རིམ་སློབ་གྲྭའི་སློབ་མ་རྣམས་ནས་འཆད་རྩོད་རྩོམ་གསུམ་ཡང་གནང་། མཛད་སྒོའི་མཐར་གྲྭ་མང་ཡོངས་ལ་ཞལ་ལག་གཟབ་རྒྱས་དང་མཁན་པོ་མཆོག་ནས་མངར་ཟས་གཅོད་འབྲེག་ཞུས།
དེ་བཞིན་ཉིན་རྒྱབ་དགོན་འདིའི་སློབ་སྤྱི་བཀུར་འོས་མཁན་པོ་ངག་དབང་བཀྲིས་མཆོག་རིང་མིན་གློ་བོ་དགེ་ལུང་དཔལ་ས་ངོར་བཀྲིས་ཆོས་གླིང་དགོན་པའི་མཁན་པོའི་ཐུགས་ཁུར་བཞེས་རྒྱུའི་ཆེད་ཕེབས་གནང་གི་ཡོད་པར་བརྟེན་མཁན་པོ་མཆོག་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུ་རྒྱུའི་མཛད་སྒོ་ཞིག་བསྐོང་ཚོགས་གནང་། མཛད་སྒོའི་སར་དགོན་པའི་མཁན་རིན་པོ་ཆེ་ཀུན་དགའ་དོན་གྲུབ་མཆོག་ནས་མཁན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་མཚམས་དགེ་སློབ་ལས་བྱེད་ཡོངས་ནས་རྟེན་མཚོན་མགུལ་དར་ཕུལ། མཁན་རིན་པོ་ཆེ་མཆོག་དང་དགེ་སློབ་རྣམས་ཀྱི་གསུང་བཤད་ནང་མཁན་པོ་མཆོག་ནས་ལྷག་བསམ་རྣམ་དག་གི་ཐོག་ད་བར་དགོན་འདིར་བསྟན་པའི་སྲི་ཞུ་ཧུར་ཐག་གྲུབ་གནང་བ་ལ་དགའ་བའི་རྗེས་སུ་ཡི་རང་། བསྔགས་བརྗོད་དང་ཐུགས་རྗེ་བླ་མེད་དུ་ཆེ་ཞུས། མཛད་སྒོའི་མཇུག་སྡོམ་དུ་མཁན་པོ་ངག་དབང་བཀྲིས་མཆོག་ནས་ཐོག་མ་ཉིད་སློབ་ཕྲུག་གི་ངོ་བོར་དགོན་འདི་འབྲེལ་བ་ཆགས་ཚུལ་དང་བསླབ་པ་མཐར་སོན་རྗེས་དགོན་འདིར་ལས་སྣེ་མང་པོ་ཞིག་གི་ཐོག་ཕྱག་ལས་གནང་ཡུན་རིང་གི་མྱོང་ཚོར་དང་ལྷག་པར་དུ་མཁན་རིན་པོ་ཆེ་ཀུན་དགའ་དོན་གྲུབ་མཆོག་གི་བཀྲིན་དང་དགོན་པའི་བཀྲིན་བྲལ་ཐབས་མེད་པོའི་སྐོར་གསུངས་བཤད་གནང་། དགོན་པའི་འདུས་སྤྱི་ཡོངས་ནས་མཁན་པོ་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པ་དང་བསྟན་དང་འགྲོ་བའི་དོན་དུ་ཆོས་ཀྱི་འཁོར་ལོ་ཡང་ཡང་བསྐོར་ནས་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། དགེའོ།། སརྦམངྒལམ།
Yesterday, 30 July, the Pema Ts'al Sakya Monastic Institute family joyfully celebrated the 60th birthday of our beloved founder, Venerable Khen Rinpoche Kunga Dhondup la.
The celebration began with the Long Life Puja of the Three Long-Life Deities, led by Khenpo Jampa Dhakpa la and Khenpo Lekshey Tenpa la, with heartfelt prayers dedicated to Khen Rinpoche la's long life, good health, and the continued flourishing of his noble Dharma activities.
A Mandala Offering was then made by Khenpo Jampa Dhakpa la, Khenpo Lekshey Tenpa la, and Khenpo Ngawang Tashi la, offering sincere aspirations for the longevity and well-being of Khen Rinpoche la.
The Sangha members expressed their gratitude and devotion by reading Khen Rinpoche la's biography, reciting heartfelt poems, and presenting traditional monastic debates in his honour. The celebration continued with a joyful cake-cutting ceremony and a delicious lunch shared by the entire monastery family.
Following lunch, the monastery community gathered once again in the main temple to bid a heartfelt farewell to Venerable Khenpo Ngawang Tashi la, who has been appointed as the new Khenpo of Lowo Gelung Pal Sa Ngor Tashi Choeling Monastery.
On this special occasion, Pema Ts'al Sakya Monastic Institute extends its warmest congratulations to Khenpo Ngawang Tashi la on the remarkable achievement of receiving the esteemed Khenpo title. We wish him a safe and wonderful journey as he embarks on this new responsibility, and pray that his wisdom, compassion, and dedicated service continue to flourish for the benefit of the Buddhadharma and all sentient beings.
May Venerable Khen Rinpoche Kunga Dhondup la enjoy a long, healthy, and meaningful life, and may all his enlightened activities continue to benefit countless sentient beings. May the Dharma continue to flourish under the guidance of these noble masters for generations to come.
िजो, जुलाई ३०, पेमा छाल साक्य मोनास्टिक इन्स्टिच्युट परिवारले आफ्ना परम आदरणीय संस्थापक पूजनीय खेन रिनपोछे कुङ्गा धोन्डुप ज्यूको ६०औँ शुभ जन्मोत्सव अत्यन्त श्रद्धा, भक्ति र हर्षाका साथ मनायो।
कार्यक्रमको शुभारम्भ तीन आयुदेवताको दीर्घायु पूजाबाट भएको थियो, जसको नेतृत्व खेन्पो जाम्पा ढाक्पा ज्यू र खेन्पो लेक्से तेन्पा ज्यूले गर्नुभएको थियो। यस पावन अवसरमा पूजनीय खेन रिनपोछे ज्यूको दीर्घायु, सुस्वास्थ्य तथा उहाँका पवित्र धर्मकार्यहरू निरन्तर फैलाउँदै जाऊन् भन्ने हार्दिक प्रार्थना अर्पण गरियो।
त्यसपछि खेन्पो जाम्पा ढाक्पा , खेन्पो लेक्से तेन्पा तथा खेन्पो ङवाङ टाशी ज्यूहरुबाट मण्डल अर्पण गरियो, जहाँ खेन रिनपोछे ज्यूको दीर्घायु, सुस्वास्थ्य र मंगलमय जीवनका लागि शुभकामना तथा प्रार्थना व्यक्त गरियो।
यस अवसरमा सम्पूर्ण संघ सदस्यहरूले खेन रिनपोछे ज्यूप्रति आफ्नो श्रद्धा, कृतज्ञता र भक्तिभाव व्यक्त गर्दै उहाँको जीवनी वाचन गरे, भावपूर्ण कविता प्रस्तुत गरे तथा उहाँको सम्मानमा परम्परागत बौद्ध शास्त्रार्थ (वाद-विवाद) सम्पन्न गरे। त्यसपछि जन्मोत्सवको केक काट्ने कार्यक्रम सम्पन्न भयो र सम्पूर्ण परिवारले स्नेहपूर्ण स्वादिष्ट मध्याह्न भोजन ग्रहण गरे।
मध्याह्न भोजनपश्चात् सम्पूर्ण परिवार पुनः मुख्य गुम्बामा भेला भई पूजनीय खेन्पो ङवाङ टाशी ज्यूलाई हार्दिक बिदाइ अर्पण गरियो। उहाँलाई मुस्ताङको गेलुङ पाल सा ङोर टाशी छोएलिङ गुम्बाको नयाँ खेन्पोको रूपमा नियुक्त गरिएको छ।
यस विशेष अवसरमा पेमा छाल साक्य मोनास्टिक इन्स्टिच्युट परिवारले पूजनीय खेन्पो ङवाङ टाशी ज्यूलाई प्रतिष्ठित खेन्पो उपाधि प्राप्त गर्नुभएकोमा हार्दिक बधाई तथा शुभकामना व्यक्त गर्दछ। उहाँको नयाँ जिम्मेवारी सफलतापूर्वक सम्पन्न होस्, यात्रा मंगलमय रहोस्, तथा उहाँको प्रज्ञा, करुणा र समर्पित सेवा बुद्धधर्म तथा समस्त प्राणीहरूको हितका लागि निरन्तर अभिवृद्धि हुँदै जाओस् भन्ने मंगलकामना गर्दछौँ।
अन्त्यमा, परम आदरणीय खेन रिनपोछे कुङ्गा धोन्डुप ज्यू दीर्घायु, आरोग्य र सार्थक जीवनका साथ सधैं धर्मसेवामा समर्पित रहनुहोस्। उहाँका समस्त बुद्ध धर्मकार्यहरूले असंख्य प्राणीहरूको कल्याण गरिरहून्, र यी महान् गुरुहरूको पवित्र मार्गदर्शनमा बुद्धधर्म पुस्तौँपुस्तासम्म निरन्तर फैलाउँदै जाओस् भन्ने हार्दिक प्रार्थना गर्दछौँ।