Khamgar Druk Shedra ཁམས་སྒར་ འབྲུག་དྷརྨ་ ཀཱ་ར།

  • Home
  • India
  • Paprola
  • Khamgar Druk Shedra ཁམས་སྒར་ འབྲུག་དྷརྨ་ ཀཱ་ར།

Khamgar Druk Shedra ཁམས་སྒར་ འབྲུག་དྷརྨ་ ཀཱ་ར། Official Page of Kddcollege.

| རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཟབ་ཁྲིད།ཕྱི་ལོ་༢༠༢༦་ཕྱི་ཟླ་༥ ཚེས་༡༧ སྟེ། བོད་ཟླ་༤ ས་ག་ཟླ་བའི་ཚེས་༡་པོ་ཉིན།ལྷོ་གཉོས་ཀྱ...
17/05/2026

| རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཀྱི་ཟབ་ཁྲིད།

ཕྱི་ལོ་༢༠༢༦་ཕྱི་ཟླ་༥ ཚེས་༡༧ སྟེ། བོད་ཟླ་༤ ས་ག་ཟླ་བའི་ཚེས་༡་པོ་ཉིན།ལྷོ་གཉོས་ཀྱི་གདན་ས་ཆེན་པོའི་ཇོ་བོ་ཨ་ཁུ་རིན་པོ་ཆེའི་མཆོག་སྲས་སློབ་དཔོན་གསང་སྔགས་དོན་ཡོད་རྒྱ་མཚོ་མཆོག་ལ་མཁན་པོ་ཆོས་དབྱིངས་ལྷུན་འགྲུབ་མཆོག་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན།དེ་རིང་གཟའ་སྐར་དགེ་ལེགས་ཀྱི་ཉིན་མོར་སྔ་དྲོ་ཕྱག་ཚོད་༨་པའི་ཐོག་དཔལ་འབྲུག་པའི་ཟབ་ཆོས་ལས་བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་རྫོགས་རིམ་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་གྲུབ་ཐོབ་ཀྱི་རྒྱལ་པོ་ཨོ་རྒྱན་པ་རིན་ཆེན་དཔལ་གྱིས་ཨོ་རྒྱན་མཁའ་འགྲོའི་གླིང་ནས་གདན་དྲངས་པའི་གདམས་ཟབ་ཁྱད་པར་ཅན་ལ་རང་ལུགས་ཀུན་མཁྱེན་པདྨ་དཀར་པོའི་རྡོ་རྗེ་གསུམ་གྱི་སྙེན་སྒྲུབ་ཀྱི་འགྲེལ་བཤད་རྡོ་རྗེ་འཆང་གི་དགོངས་རྒྱན་ཞེས་པའི་ཟབ་ཁྲིད་དབུ་འཛུགས་གནང་ཡོད།
ད་དུང་སང་ཉིན་ནས་སྟོད་འབྲུག་བསྟན་པའི་སྐྱེས་ཆེན་དམ་པ་འབའ་ར་བ་རྒྱལ་མཚན་དཔལ་བཟང་མཆོག་གི་བཀའ་འབུམ་ཇི་སྙེད་ཅིག་མཆིས་པ་དེ་ཚོའི་ལྗགས་ལུང་ཡང་གནང་རྒྱུ་ཡིན་པ་བཅས་སོ།།

||• རྩ་རྒྱུད་བརྟག་པ་གཉིས་པའི་ཁྲིད་མཇུག་གྲུབ། ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༥ ཚེས་ ༡༥ རེས་གཟའ་པ་སངས་ཉིན། མདོ་སྔགས་གཞུང་ལུགས་ལ་བྱང་...
15/05/2026

||• རྩ་རྒྱུད་བརྟག་པ་གཉིས་པའི་ཁྲིད་མཇུག་གྲུབ།

ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༥ ཚེས་ ༡༥ རེས་གཟའ་པ་སངས་ཉིན། མདོ་སྔགས་གཞུང་ལུགས་ལ་བྱང་ཞིང་ཆུབ་པའི་དོན་བརྒྱུད་དཔལ་ལྡན་འབྲུག་པའི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་པོ་ཕྲིན་ལས་རྡོ་རྗེ་མཆོག་ནས་འདི་གའི་མཁན་སློབ་དང་། བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་གི་མཁན་སློབ། ཕྱི་ལོགས་ནས་ཕེབས་པའི་མཁན་པོ་དགེ་འདུན་ཡོངས་ལ་ཟླ་བ་གཅིག་གི་རིང་རྩ་རྒྱུད་བརྟག་པ་གཉིས་པའི་བཀའ་ཁྲིད་ཟབ་མོ་ལེགས་པར་བཀའ་དྲིན་བསྩལ་མཛད་ནས་དེ་རིང་མཇུག་ལེགས་པར་གྲུབ།
འདི་གའི་མཁན་སྤྲུལ་ནས་རྟེན་འབྲེལ་མཚོན་བྱེད་དམ་བཀའ་དྲིན་གཏང་རག་གི་ཚུལ་དུ་མཎྜལ་གྱི་སྣེ་དྲངས་ཏེ། ཚེ་དཔག་མེད་ཀྱི་སྐུ། གསུང་ལ་ཚེ་མདོ།ཐུགས་ལ་མཆོད་རྟེན། ཡོན་ཏན་ལ་གཏེར་བུམ། ཕྲིན་ལས་ལ་རྡོར་དྲིལ་ཕུལ།
མཐའ་དོན། མཁན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་ཅིང་། ཐུགས་ཀྱི་བཞེད་དོན་མཐའ་དག་འབད་མེད་ལྷུན་གྱིས་གྲུབ་པ་དང་། གསུང་གི་མཛད་ཕྲིན་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དར་ཞིང་རྒྱས་པའི་ཐུགས་སྨོན་གསོལ་འདེབས་རྩེ་གཅིག་ཏུ་འདེབས་པ་ལགས།

བླ་མ་ལྔ་བཅུ་པའི་ལྗགས་ལུང་དང་བཀའ་སློབ།ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༥ ཚེས་ ༡༣ ཉིན། ཕྱག་ཚོད་༢ པའི་ཐོག་བྱེས་ཀྱི་གདན་ས་ཁམས་སྒར་འབྲུག་...
13/05/2026

བླ་མ་ལྔ་བཅུ་པའི་ལྗགས་ལུང་དང་བཀའ་སློབ།

ཕྱི་ལོ་ ༢༠༢༦ ཕྱི་ཟླ་ ༥ ཚེས་ ༡༣ ཉིན། ཕྱག་ཚོད་༢ པའི་ཐོག་བྱེས་ཀྱི་གདན་ས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་གཙུག་ལག་ཁང་དུ་དེང་གི་དུས་སུ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་འཕྲིན་ལས་རྡོ་རྗེ་མཆོག་ནས་ཟླ་བ་གཅིག་གི་རིང་འདི་གར་རྒྱུད་བརྟག་གཉིས་ཀྱི་བཀའ་ཁྲིད་གནང་བཞིན་པ་ཡིན་པ་དང་། དེ་རིང་བཤད་གྲྭའི་སློབ་གཉེར་བ་དང་བཙུན་དགོན་དོན་བརྒྱུད་དགའ་ཚལ་གླིང་གི་མཁན་སློབ། ཕྱི་ལོགས་དགོན་སྡེ་ནས་ཕེབས་པའི་མཁན་སློབ་ཡོངས་ལ་ཆོས་འབྲེལ་གྱི་ཚུལ་དུ་སློབ་དཔོན་དཔའ་བོས་མཛད་པའི་བླ་མ་ལྔ་བཅུ་པའི་ལྗགས་ལུང་ཟབ་མོ་དང་། སྤྱིར་བཀའ་བརྒྱུད་ཡང་སྒོས་རང་ལུགས་དོན་བརྒྱུད་དཔལ་ལྡན་འབྲུག་པའི་ཕ་ཆོས་ཟབ་མོ་ལ་འཆད་ཉན་གནང་དགོས་པ་ཤིན་ཏུ་གལ་ཆེན་ཡིན་ཚུལ་སྐོར་མཁན་པོ་ཉིད་ཀྱིས་ལྗགས་རྩོམ་གནང་བའི་༼བཀའ་བརྒྱུད་གོང་མའི་གསུང་ལ་བལྟ་བར་བསྐུལ་བའི་ཚིགས་སུ་བཅད་པ་སྙན་པའི་སྒྲ་དབྱངས།༽ ཐོག་བཀའ་སློབ་ཐུགས་བརྩེ་བ་ཆེན་པོས་བཀའ་དྲིན་བསྐྱངས་སོང་།

|• ཁམས་སྒར་བཀྲ་ཤིས་ལྗོངས་ཀྱི་སྟོན་པའི་དུས་ཆེན།ཕྱི་ལོ་༢༠༢༦ ཕྱི་ཟླ་༥ ཚེས་༡ ཉིན། སྔ་དྲོ་ཕྱག་ཚོད་༩:༣༠ ནས་དད་ལྡན་སེར་སྐྱ་མི་ད...
01/05/2026

|• ཁམས་སྒར་བཀྲ་ཤིས་ལྗོངས་ཀྱི་སྟོན་པའི་དུས་ཆེན།

ཕྱི་ལོ་༢༠༢༦ ཕྱི་ཟླ་༥ ཚེས་༡ ཉིན། སྔ་དྲོ་ཕྱག་ཚོད་༩:༣༠ ནས་དད་ལྡན་སེར་སྐྱ་མི་དམངས་བཤད་གྲྭའི་མདུན་ཕྱོགས་སུ་འདུ་འཛོམས་གནང་ནས། མཛད་རིམ་དང་པོ་མཁན་པོ་བློ་གསལ་མཆོག་ནས་སྟོན་པའི་སྤྱན་སྔར་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་།དབུ་མཛད་ནས་ཐུབ་པ་མེ་རུ་ཤི་ཥའི་ཞལ་འདོན་གསུང་མཚམས་སུ་སེར་སྐྱ་མི་དམངས་རྣམས་ནས་ཐུབ་པའི་སྤྱན་སྔར་བྱིན་བརླབས་ཞུས། མཁན་པོ་ངག་དབང་ཆོས་བཟང་མཆོག་ནས་དུས་ཆེན་དང་འབྲེལ་བའི་གསུང་བཤད་གནང་།དེ་བཞིན་བཤད་གྲྭའི་སློབ་གཉེར་བ་གཉིས་ནས་ཧིན་སྐད་དང་དབྱིན་སྐད་ཐོག་གསུང་བཤད་གནང་། ལོ་ལྟར་བཞིན་ད་ལོ་ཡང་རྒྱ་གར་ཇ་ཝ་ཧར་ན་ཝོ་དི་ཡ་སློབ་ཕྲུག་གཉིས་ནས་ཧིན་སྐད་དང་དབྱིན་སྐད་ཐོག་གཏམ་བཤད་གནང་། ད་དུང་དགོན་པའི་ཉེ་འགྲམ་དུ་ཡོད་པའི་རྒྱ་གར་ཇི་ཁི་ལི་བྷེཁྲ་སློབ་ཕྲུག་གཉིས་ནས་ཀྱང་དབྱིན་སྐད་ཧིན་སྐད་ཐོག་གཏམ་བཤད་གནང་ཡོད། གཏམ་བཤད་ཚར་བ་དང་དབུ་མཛད་ནས་བཀྲ་ཤིས་སྨོན་ལམ་གྱི་སྒོ་ནས་སྔ་དྲོའི་མཛད་རིམ་མཇུག་གྲུབ་པ་གནང་ཡོད།
ཉིན་གུང་ཞལ་ལག་དད་ལྡན་སེར་སྐྱ་མི་དམངས་རྣམ་པར་གོ་སྒྲིག་ཞུས་པ་ལྟར་དེ་གྲུབ་རྗེས། མཛད་རིམ་མཐའ་མ་གླུ་གཞས་དང་ཞབས་བྲོའི་མཆོད་པའི་མཛད་རིམ་གོ་སྒྲིག་ཞུས་ཡོད། དེ་ལ་རང་རེའི་གཞི་རིམ་སློབ་མ་རྣམས་ནས་སྟོད་གླུ་དང་། ལེགས་བཤད་སྐོར་དབྱིན་སྐད་དང་བོད་སྐད་ཐོག་སྐྱོར་ཡོད། རྒྱ་གར་ཇ་ཝ་ཧར་ན་ཝོ་དི་ཡ་སློབ་ཕྲུག་རྣམས་ཎ་ཊི་དང་ཧར་ཡ་ནི་ཞབས་བྲོ་ཁྲབ་སྟོན་གནང་བ་དང་། རྒྱ་གར་མཐོ་རིམ་སློབ་མ་རྣམས་ནས་ཀྱང་དམངས་གཞས་ཐོག་ཞབས་བྲོ་ཁྲབ་སྟོན་གནང་ཡོད། ད་དུང་བཀྲ་ཤིས་ལྗོངས་བྲོ་ར་ཚོགས་པ་རྣམས་ནས་གླུ་གཞས་གཉིས་ཀྱི་ཐོག་ཞབས་བྲོ་སྤྱན་འབུལ་ཞུས་སོང་།
མཐར་སྤོབས་པ་རིན་པོ་ཆེ་མཆོག་དང་། མཁན་པོ་བློ་གསལ། མཁན་པོ་ཆོས་དབྱིངས་རྣམས་ནས་གཏམ་བཤད་གནང་མཁན་སློབ་མ་ཁག་དང་། གླུ་གཞས་དང་ཞབས་བྲོ། སྟོན་པའི་རི་མོ་བཟོ་མཁན་སློབ་ཕྲུག་དང་མི་དམངས་རྣམས་ལ་བཤད་གྲྭའི་ངོས་ནས་ཐུགས་རྗེ་ཆེ་མཚོན་བྱེད་དུ་སྟོན་པའི་གསེར་གཟུགས་ཀྱི་སྐུ་པར་དད་ལྡན་དང་བ་འདྲེན་བྱེད་དང་བཀྲ་ཤིས་ཁ་བཏགས་དཀར་པོ་དང་གསོལ་རས་མི་ཉུང་བ་བཅས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕུལ་ཡོད།
མཐའ་དོན་སྟོན་པའི་དུས་ཆེན་འདི་དམིགས་ཡུལ་ཀུན་སློང་བཟང་པོ་ཞིག་དང་ཁ་མ་བྲལ་བའི་ཐོག་སྟོན་པའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རང་གཞན་ཀུན་ལ་མཐོང་ཐོས་སུ་གྱུར་པའི་རྐྱེན་ཞིག་ཏུ་གྱུར་ན་བསམ་པ་དང་། ཡུལ་མི་ཕན་ཚུན་བར་མཐུན་འབྲེལ་ཟབ་ཏུ་འགྲོ་བའི་རྒྱུ་རྐྱེན་མང་ཞིག་ལ་ཁ་ཕྱོགས་ནས་བསྲུང་རྩི་ཞུས་པ་ཆགས་ཡོད་པ་ལས། རང་གཞན་རྒྱལ་ཕམ་སོགས་ཀྱི་འགྲན་རྩོད་ཀྱི་ལམ་དུ་ནམ་ཡང་འགྲོ་མི་ཉེན་པ་ནི་མཐའ་མའི་དམ་བཅའ་ཞིག་ཏུ་བཟུང་སྟེ་ཡོད་སྙམ་པ་བཤད་གྲྭའི་དྲུང་ཡིག་དོན་བརྒྱུད་ནས་སོ།།
སྡིག་པ་ཅི་ཡང་མི་བྱར་བརྩོན།།དགེ་བ་ཕུན་སུམ་གསག་ན་ལེགས།།
རང་གི་སེམས་ནི་འདུལ་ན་སྐྱིད། ། སངས་རྒྱས་བསྟན་པ་གཞན་མ་མཆིས།།

ཕྱི་ལོ་༢༠༢༦ ཕྱི་ཟླ་༤ ཚེས་༢༥ ཉིན། སྐྱབས་རྗེ་སྟག་སྣ་རིན་པོ་ཆེ་མཆོག་བྱེས་ཀྱི་གདན་ས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་ཆིབས་ས...
25/04/2026

ཕྱི་ལོ་༢༠༢༦ ཕྱི་ཟླ་༤ ཚེས་༢༥ ཉིན། སྐྱབས་རྗེ་སྟག་སྣ་རིན་པོ་ཆེ་མཆོག་བྱེས་ཀྱི་གདན་ས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རར་ཆིབས་སྒྱུར་གནང་། འདི་གའི་མཁན་སློབ་དགེ་འདུན་པ་རྣམས་ནས་ཕེབས་བསུ་བཀྲ་ཤིས་བདེ་ལེགས་ཀྱི་ངང་ཞུ་བ་དང་། རིན་པོ་ཆེ་མཆོག་བཤད་གྲྭའི་གཙུག་ལག་ཁང་དུ་ཕེབས་ནས་སྟོན་པའི་སྤྱན་སྔར་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་། དེ་མཚམས་ལ་དྭགས་ཀྱི་གྲྭ་གཞོན་བློ་གསར་རྣམས་ལ་སེམས་ཐག་ཉེ་བའི་བཀའ་སློབ་སྙིང་བསྡུས་རེ་གསུང་། མཁན་རིན་པོ་ཆེ་ཕྲིན་ལས་རྡོ་རྗེ་མཆོག་དང་མཇལ་ཕྲད་གནང་ནས་ཆོས་འབྲེལ་ཡང་ཞུས།
བཤད་གྲྭའི་དགེ་འདུན་པ་ཡོངས་ལ་རིན་པོ་ཆེ་མཆོག་ནས་དེ་རིང་གི་ཉིན་གུང་ཞལ་ལག་ཕུལ་སོང་བས། རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་ཀྱི་དགོངས་པ་མཐའ་དག་འབད་མེད་ལྷུན་གྲུབ་ཡོང་བ་དང་། མཛད་པ་ཕྲིན་ལས་དར་ཞིང་རྒྱས་པའི་སྨོན་འདུན་ཞུ།

•>•ཕྱི་ལོ་༢༠༢༦ ཕྱི་ཟླ་༤་ཚེས་༡༨ ཉིན། བཀྲིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་མཁན་སློབ་ཡོངས་ནས་ལོ་སྔོན་ནས་ཇི་ལྟར་གས...
18/04/2026

•>•
ཕྱི་ལོ་༢༠༢༦ ཕྱི་ཟླ་༤་ཚེས་༡༨ ཉིན། བཀྲིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་མཁན་སློབ་ཡོངས་ནས་ལོ་སྔོན་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ད་ལན་མཁན་རིན་པོ་ཆེ་ཕྲིན་ལས་རྡོ་རྗེ་མཆོག་འདི་གའི་སློབ་གླིང་དུ་ཞབས་སོར་བདེ་བར་འཁོད་ནས་ཟླ་བ་གཅིག་མ་ཟིན་རིང་ལ་དོན་བརྒྱུད་དཔལ་ལྡན་འབྲུག་པའི་སྐྱེས་ཆེན་དམ་པ་རང་ལུགས་ཀུན་མཁྱེན་མི་ཕམ་པདྨ་དཀར་པོའི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ནང་ནས། རྩ་རྒྱུད་བརྟག་པ་གཉིས་པའི་སྤྱི་དོན་གྲུབ་པའི་ཡིད་འཕྲོག་ལ་འགྲེལ་བ་ངེས་དོན་རབ་གསལ་ཀུན་མཁྱེན་པདྨ་དཀར་པོའི་དགོངས་རྒྱན་ཞེས་མཁན་པོ་ཉིད་ཀྱིས་ཚིག་འགྲེལ་གྱི་བརྒྱན་པའི་གཞུང་དཔེ་ཆའི་ཐོག་བདུན་རེའི་རེས་གཟའ་ཟླ་བ་ནས་སྤེན་པའི་བར་ཁྲིད་གནང་མུས་ཡིན་པ་དང་།
དེ་རིང་ཉིན་དང་པོ་སྟེ་བོད་ཟླ་༣ བོད་ཚེས་༡ གི་སྔ་དྲོ་ཕྱག་ཚོད་༡༠ ནས་༡༢ བར་ཁྲིད་དེ་དབུ་འཛུགས་གནང་ཡོད།

TASHI JONG KHAMGAR DRUK HIGHER STUDIES
Dharma Kara Institute
— Tashi Jong, Himachal Pradesh

Teaching on the Second Ta**ra Examination
(Gyud Tragpa Nyipa’i Khrid)

In accordance with the earnest requests made over the preceding years by all the Khenpos and students of this institution, Khen Rinpoche Trinley Dorje has graciously arrived at Tashi Jong and will be residing here for approximately one month.
From within the vast ocean-like scriptural tradition of Sutra and Ta**ra of the glorious Drukpa lineage’s great and holy master — the Omniscient Mipham Padma Karpo — Khen Rinpoche will be bestowing teachings on a text composed by Khenpo himself, titled:
“Ngedon Rabsal Kunkhyen Padma Karpo’i Gonggyen”
“Clear Illumination of the Definitive Meaning: An Ornament of the Thought of Omniscient Padma Karpo”
This is a word-commentary on the General Meaning of the Root Ta**ra — the Second Ta**ra Examination.

📅 Commencement: April 18, 2026 (1st Day of the 3rd Tibetan Month)
🕙 Session Timing: 10:00 AM – 12:00 PM
📆 Teaching Days: Monday to Saturday
⏳ Duration: Approximately one month

May the Dharma flourish for the benefit of all sentient beings. 🙏

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དཔལ་གཤེན་བསྟན་སྨན་རི་གླིང་གི་གོ་སྒྲིག་འོག་> ཚོགས་ཡོད་པ་དང་། བགྲོ་གླེང་དེར་བཀྲ་ཤི...
09/04/2026

བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་དཔལ་གཤེན་བསྟན་སྨན་རི་གླིང་གི་གོ་སྒྲིག་འོག་> ཚོགས་ཡོད་པ་དང་། བགྲོ་གླེང་དེར་བཀྲ་ཤིས་ལྗོངས་ཁམས་སྒར་འབྲུག་མཐོ་སློབ་དྷརྨ་ཀཱ་རའི་སྐྱོར་དཔོན་བྱམས་པ་རྒྱ་མཚོ་ནས་དཔྱད་རྩོམ་ཐོག་གསུང་བཤད་གནང་ཡོད། ད་དུང་ཚོགས་བཅར་བ་སྐྱོར་དཔོན་གཉིས་ཀྱང་བགྲོ་གླེང་དེེར་མཉམ་བཞུགས་བྱས་ཡོད།
འདི་ལྟ་བུའི་རིས་མེད་མཁས་པའི་མདུན་སར་རང་རེའི་བཤད་གྲྭའི་སློབ་གཉེར་བ་རྣམ་པ་མཉམ་བཞུགས་གནང་ཐུབ་པ་འདི།སྤྱིར་དཔལ་རྒྱལ་མདོ་ཁམས་པ་མཆོག་གི་ཐུགས་རྗེ་བྱིན་བརླབས་མུ་མེད་པ་དང་། རང་རེའི་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་བླ་ལྷག་ཁོ་ནས་ཡིན་པ་སྨོས་མི་དགོས་པ་རེད། ད་དུང་རང་རེའི་རང་ལུགས་ཀུན་མཁྱེན་པདྨ་དཀར་པའི་གཞུང་ལུགས་ལ་སྦྱངས་བརྩོན་གནང་བའི་གྲུབ་འབྲས་ཤིག་ཀྱང་ཡིན་པར་སེམས།

Today is Amithaba Day which is celebrated on every full moon. As the head of the padma (lotus) family Amithaba is the hi...
01/04/2026

Today is Amithaba Day which is celebrated on every full moon.
As the head of the padma (lotus) family Amithaba is the highest embodiment of the wisdom of discernment, love and compassion and often known as the Buddha of Infinite Light. He resides in the Western Pure Land of Sukhavati – the Land of Bliss.

When I attain Buddhahood,
My Name shall be heard throughout the ten quarters;
Should there be any place where it is not heard,
May I not attain perfect Enlightenment.
Free of greed and with deep, perfect mindfulness
And pure wisdom, I will perform the sacred practices;
I will seek to attain the unsurpassed Way
And become the teacher of devas and humans.
With my divine power I will display great light,
Illuminating the worlds without limit,
And dispel the darkness of the three defilements;
Thus I will deliver all beings from misery.
Having obtained the eye of wisdom,
I will remove the darkness of ignorance;
I will block all the evil paths
And open the gate to the good realms.
When merits and virtues are perfected,
My majestic light shall radiate in the ten quarters,
Outshining the sun and the moon
And surpassing the brilliance of the heavens.
I will open the Dharma-store for the multitudes
And endow them all with treasures of merit.
Being always among the multitudes,
I will proclaim the Dharma with the lion's roar…
The Buddha said to Ananda, "As soon as the Bhikshu Dharmakara spoke those verses, the entire earth shook in six ways, and a rain of wonderful flowers fell from heaven, scattering everywhere. Spontaneous music was heard, and a voice in the sky said, 'Surely you will attain the highest, perfect Enlightenment’.”
(Verses spoken by the Bhikshu Dharmakara who became Buddha Amithaba.
Source: The Longer Sukhavativyuha Sutra)


Ultimately the Pure Land is not in a different place:
‘All phenomena of samsara and nirvana
Are but appearance arising interdependently.
They are thus unborn, primordially pure, and occur in the expanse of unity.
I bow to the indestructible mind.’
(Source: The Third Khamtrul Rinpoche from ‘Two Truths in Union’)

Today is a particularly good day for practice and for chanting Amithaba’s mantra “Om Ami Dewa Hri” to invite his blessings into your life. All actions today are traditionally said to be multiplied 100

• > •རིང་ནས་རེ་སྒུག་བྱས་པའི་དཔེ་དེབ་གསར་པ་< ཚད་མའི་བསྟན་བཅོས་རྣམ་འགྲེལ་རྣམ་ངེས་རིགས་ཐིགས་ཀྱི་རྩ་གཞུང་ཕྱོགས་བསྒྲིགས། > དེ...
31/03/2026

• > •
རིང་ནས་རེ་སྒུག་བྱས་པའི་དཔེ་དེབ་གསར་པ་< ཚད་མའི་བསྟན་བཅོས་རྣམ་འགྲེལ་རྣམ་ངེས་རིགས་ཐིགས་ཀྱི་རྩ་གཞུང་ཕྱོགས་བསྒྲིགས། > དེབ་ཕྲེང་༢༤ ད་ལམ་•དཔལ་འབྲུག་པའི་གདམས་ཟབ་གཅེས་སྐྱོང་ཁང་• ནས་འདི་གའི་སློབ་གཉེར་བའི་ཆེད་དུ་གསར་དུ་དཔར་བསྐྲུན་གནང་བ་ཞིག་ཡིན།
དེབ་འདིའི་མཛད་པ་པོ་དཔལ་ཆོས་ཀྱི་གྲགས་པ་ནི། ནང་པའི་ཆོས་ལུགས་ནང་མཁས་པའི་སྙན་གྲགས་འབར་བའི་སྐྱེས་བུ་དམ་པ་ཞིག་ཡིན་པ་དང་། སྐྱེས་བུ་དམ་པ་འདི་ལྟ་བུའི་རྗེས་སུ་བསྙེགས་འདོད་ན། འདིའི་རྣམ་ཐར་དང་ཁོང་གིས་མཛད་པའི་གཞུང་ལུགས་ལ་བསླབ་པ་སློབ་གཉེར་གནང་དགོས་པ་ལས་ཐབས་གཞན་ཟད།

29/03/2026

Guru Pema Drakpo

Today is Guru Rinpoche (Padmamsambhava) Day when we celebrate the anniversary of two of his manifestations – Guru Shakya...
28/03/2026

Today is Guru Rinpoche (Padmamsambhava) Day when we celebrate the anniversary of two of his manifestations – Guru Shakya Sengey and Guru Loden Choktse.
On this day, Guru Rinpoche took the Rabjung ordination from Buddha’s disciple, Ananda. Having taken this ordination he demonstrated unrivalled ability in understanding and accomplishing the three yanas. He therefore became known as Guru Shakya Sengey (‘Lion of the Shakyas’) who demonstrated how to achieve awakening in this lifetime through discipline and renunciation and also as Loden Choktse (‘Wise Seeker of the Sublime’) who demonstrated how to develop profound knowledge through study and practice.

Today Tsok Puja is encouraged.

Padmasambhava said:
“If you realise mind essence, that is Buddhahood.
Buddha is not to be sought anywhere else apart from the mind.
Buddhahood is not something accomplished; it is originally present.
Without searching for it, the natural state is captured by resting.”
(Source: The Royal Seal of Mahamudra, Volume Two by The Third Khamtrul Rinpoche)

Address

Paprola
176081

Alerts

Be the first to know and let us send you an email when Khamgar Druk Shedra ཁམས་སྒར་ འབྲུག་དྷརྨ་ ཀཱ་ར། posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Contact The Organization

Send a message to Khamgar Druk Shedra ཁམས་སྒར་ འབྲུག་དྷརྨ་ ཀཱ་ར།:

Share