Sermey Minyak Khangtsen

Sermey Minyak Khangtsen Sermey Minyak Khangtsen is education section of Nalanda tridition.

Here we are study especially on Buddhist and also with modern knowledge such as science, English and Tibetan languages.

02/04/2026
༈ སེར་སྨད་མི་ཉག་ཁང་ཚན་དང་གཞིས་དགོན་ཐེག་ཆེན་གླིང་བྲག་རྒྱབ་བླ་བྲང་བཅས་ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བྲག་རྒྱབ་རིན་པོ་ཆེ...
05/03/2026

༈ སེར་སྨད་མི་ཉག་ཁང་ཚན་དང་གཞིས་དགོན་ཐེག་ཆེན་གླིང་བྲག་རྒྱབ་བླ་བྲང་བཅས་ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བྲག་རྒྱབ་རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུངས་ཡོད་མེད་ཀྱི་བརྟག་ཞུ་ཕུལ་བ་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་གིས་སེར་སྨད་མི་ཉག་ཁང་ཚན་གྱི་དགེ་བཤེས་པོ་ཏོ་བའི་སྐུ་རྒྱུད་སྐྱབས་རྗེ་བྲག་རྒྱབ་རིན་པོ་ཆེ་སྐུ་འཕྲེང་བཅོ་ལྔ་པའི་ཡང་སྲིད་ཆུང་སྲིད་རིན་པོ་ཆེ་སྐུ་འཁྲུངས་ཡོད་པའི་ཕྱག་རྟགས་ཕེབས་པར་གུས་སློབ་སྐོམ་པ་ཆུ་འདོད་ལྟར་གནས་པའི་སློབ་མ་རྣམས་དགའ་སྤྲོ་དཔག་མེད་བྱུང་བ་དང་ཆུང་སྲིད་རིན་པོ་ཆེ་མཆོག་བསྟན་པ་དང་འགྲོ་བའི་ཆེད་གསན་བསམ་སློབ་གཉེར་མཐར་ཕྱིན་པ་ཡོང་བ་ཞུ།

༈ ལོ་གསར་ཚེས་གཅིག་ནི་བླ་མའི་ལོ་གསར་ཡིན་པར་སོང་རང་ཅག་ཁང་ཚན་གྱི་གྲྭ་མང་རྣམས་རི་བོ་དགེ་ལྡན་པའི་བསྟན་པའི་མཛེས་རྒྱན་མཚུངས་མེད...
18/02/2026

༈ ལོ་གསར་ཚེས་གཅིག་ནི་བླ་མའི་ལོ་གསར་ཡིན་པར་སོང་རང་ཅག་ཁང་ཚན་གྱི་གྲྭ་མང་རྣམས་རི་བོ་དགེ་ལྡན་པའི་བསྟན་པའི་མཛེས་རྒྱན་མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཇལ་བཅར་ཞུས་པའི་སྐབས་ཀྱི་སྐུ་པར་ཞིག་དྲྭ་གྲོགས་རྣམས་ལ་ཕུལ་ཡོད།

༈ ལྷན་རྒྱས་ཀུན་ལ་ལོ་གསར་བཟང་
17/02/2026

༈ ལྷན་རྒྱས་ཀུན་ལ་ལོ་གསར་བཟང་

08/02/2026

གསར་འགོད་གསལ་བསྒྲགས།

༄༅། །ཉེ་ལམ་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲྭ་ལམ་ཁག་གཅིག་གི་ནང་དུ་ཨེབ་སི་ཊིན་གྱི་ཡིག་ཚགས་དང་འབྲེལ་གནས་ཐད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཇེ་ཕི་རི་ཨེབ་སི་ཊིན་དབར་འབྲེལ་བ་བྱུང་གནས་སྐོར་གནས་ཚུལ་སྤེལ་བཞིན་འདུག་ཀྱང། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་བར་ཇེ་ཕི་རི་ཨེབ་སི་ཊིན་དང་མཇལ་འཕྲད་གནང་མྱོང་མེད་པ་མ་ཟད། ༸གོང་ས་མཆོག་གི་མཚན་ཐོག་ནས་ཀྱང་ཁོང་དང་མཇལ་འཕྲད་དམ་བཀའ་མོལ་གནང་རྒྱུ་བཀོད་མངགས་གནང་རིགས་གཏན་ནས་བྱུང་མྱོང་མེད་པའི་གསལ་བསྒྲགས་སུ།།
དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༨ ལ།།

https://www.gyalwarinpoche.com/news/2-8

༈ སེར་སྨད་མི་ཉག་ཁང་ཚན་གྱི་སློབ་གཉེར་བ་གཉིས་ནས་གྲྭ་ཚང་གི་བློ་རྒྱུགས་སྐབས་དབུ་མ་རྩ་བ་ཤེས་རབ་ཀྱི་བློ་རྒྱུགས་ཕུལ་བའི་གཟེངས་བ...
28/01/2026

༈ སེར་སྨད་མི་ཉག་ཁང་ཚན་གྱི་སློབ་གཉེར་བ་གཉིས་ནས་གྲྭ་ཚང་གི་བློ་རྒྱུགས་སྐབས་དབུ་མ་རྩ་བ་ཤེས་རབ་ཀྱི་བློ་རྒྱུགས་ཕུལ་བའི་གཟེངས་བསྟོད་བྱ་དགའ་ཐོབ་པའི་འདྲ་པར་ཞིག་འདི་ན་ཕུལ་ཡོད།

19/01/2026

ཕྱི་ལོ་༢༠༢༦ ཟླ ༡ ཚེས ༡༨ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ཆོས་རྭའིནང་དུ། འཇང་དགུན་ཆོས་ཀྱི་རྣམ་འགྲེལ་མཚད་ཕུད་དམ་བཅའ་ཆེན་མོའི་ཚོགས་མགོན་དུ་དབུ་བཞུགས་བཀའ་དྲིན་བསྐྱངས་པ་དང་སྟབས་བསྟུན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གཉེར་བ་རྣམས་ནས་རྟགས་གསལ་ཕུལ་བཞིན་པའི་བརྙན་ཐུང་ཞིག་ཕུལ་ཡོད།
བོད་ཀྱི་དུས་བབ་ནས་བཤུས།།

དགའ་ལྡན་ལྔ་མཆོད།༈ཇི་སྐད་དུ་ཡང།དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།བདུད་དཔ...
14/12/2025

དགའ་ལྡན་ལྔ་མཆོད།
༈ཇི་སྐད་དུ་ཡང།
དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།
བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག །
གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།། ...
སེར་སྨད་མི་ཉག་ཁང་ཚན་ནས།

༈ བྱམས་པ་ཆེན་པོས་འགྲོ་ཀུན་བདེ་ལ་འགོད།།                  ཐུགས་རྗེ་ཆེན་པོས་འཇིགས་པ་ཀུན་ལས་སྐྱོབ།།ཡོན་ཏན་ཆེན་པོས་བཤེས་གཉེན་...
13/12/2025

༈ བྱམས་པ་ཆེན་པོས་འགྲོ་ཀུན་བདེ་ལ་འགོད།།
ཐུགས་རྗེ་ཆེན་པོས་འཇིགས་པ་ཀུན་ལས་སྐྱོབ།།
ཡོན་ཏན་ཆེན་པོས་བཤེས་གཉེན་མཆོག་གྱུར་བ།།
བྱམས་ཆེན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས།།

སེ་ར་བཞི་མཆོད།
Death Anniversary of Jamchen Choeje Shakya Yeshi


༄༅། །དེ་རིང་བོད་ཟླ་ ༡༠ ཚེས་ ༢༤ ནི་༸རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དཔལ་བཟང་པོ་མཆོག་གི་སློབ་མ་༸བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་པའི་དུས་དྲན་ཞིག་ཡིན། ༸བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ནི་སེ་ར་ཐེག་ཆེན་པོའི་གླིང་ཕྱག་འདེབས་པ་པོ་ དང་། དམ་པ་འདི་ཉིད་རབ་བྱུང་དྲུག་པའི་ཆུ་འབྲུག་ལོ་ལ་འཁྲུངས། རབ་བྱུང་བདུན་པའི་ས་གླང་ལོ་ལ་ཏཱ་མིང་གི་རྒྱལ་པོས་གདན་དྲངས་ཀྱང་མ་ཕེབས་པའི་རྗེ་བཙུན་ཙོང་ཁ་པའི་ཚབ་བྱས་ནས་པེ་ཅིན་དུ་ཕེབས། རབ་བྱུང་བདུན་པའི་ཤིང་རྟ་ལོར་པེ་ཅིན་དུ་ལན་གཉིས་པ་ཕེབས་ནས་གུ་ཤྲཱི་ཆེན་པོའི་གོ་ས་ཐོབ། རབ་བྱུང་བདུན་པའི་ཤིང་སྟག་ལོར་ཏཱ་མིང་རྒྱལ་པོས་བྱམས་ཆེན་ཆོས་རྗེ་ཞེས་པའི་མཚན་གནས་བསྩལ།རབ་བྱུང་བདུན་པའི་ཤིང་ཡོས་ལོར་པེ་ཅིན་ནས་བོད་ལ་ཕྱིར་ཕེབས་སྐབས་ལམ་བར་དུ་འདས་པ་བཅས་དམ་པ་འདི་ཉིད་ཀྱི་སྐུའི་མཛད་རྣམ་མདོར་བསྡུས་ཙམ་དུ།

:སེར་སྨད་མི་ཉག་ཁང་ཚན་ནས -:

༈ སེར་སྨད་མི་ཉག་ཁང་ཚན་གྱི་སློབ་གཉེར་བ་གཉིས་ནས་གྲྭ་ཚང་གི་རྒྱུགས་སྤྲོད་ཁག་ནང་ཨང་རིམ་གྱི་བྱ་བ་དགའ་ལེན་པར་དགའ་བསུའི་འཚམས་འདྲ...
03/12/2025

༈ སེར་སྨད་མི་ཉག་ཁང་ཚན་གྱི་སློབ་གཉེར་བ་གཉིས་ནས་གྲྭ་ཚང་གི་རྒྱུགས་སྤྲོད་ཁག་ནང་ཨང་རིམ་གྱི་བྱ་བ་དགའ་ལེན་པར་དགའ་བསུའི་འཚམས་འདྲི་ཞུ་གྲངས་མེད་ཞུ་བ་དང་མ་འོངས་དུས་ན་ཡང་སློབ་གཉེར་ཐོག་འབད་པ་ཆུ་བོའི་རྒྱུན་ལྟར་བསྟེན་ནས་གོང་ནས་གོང་འཕེལ་ཡོང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད་ཡོད།

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཞི་བདེ་ཚོགས་ཁང་ནང་དུ་ཕྱི་ལོ་ ༢༠༢...
30/10/2025

༄༅། །ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་ཞི་བདེ་ཚོགས་ཁང་ནང་དུ་ཕྱི་ལོ་ ༢༠༢༤ ལོའི་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་དབུ་མ། ཕར་ཕྱིན། ཚད་མ་གསུམ་ལ་སློབ་ཐར་སོན་པའི་སློབ་གཉེར་བ་རྣམས་ལ་ནང་པའི་སློབ་གཉེར་ཁང་ནས་ཕྱག་འཁྱེར་གནང་བའི་ནང་ནས་རང་རེའི་ཁང་ཚན་གྱི་སློབ་གཉེར་བ་འགའ་ཞིག་ནས་དབུ་མ་རབ་འབྱམས་པ་དང་ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་བཞེས་པའི་འདྲ་པར་འགའ་ཁང་ཚན་ལ་ཐུགས་སྣང་ཡོད་པའི་མཛའ་བརྩེའི་དྲྭ་གྲོགས་རྣམས་ཀྱི་ཆེད་འདི་ན་ཕུལ་ཡོད།

༈ རང་རེའི་ཁང་ཚན་གྱི་སློབ་གཉེར་བ་ལྷུན་གྲུབ་ཡར་འཕེལ་འཛིན་རིམ་བཅུ་པའི་NIOS རྒྱུགས་སྤྲོད་ལ་བཞུགས་ནས་རྒྱུགས་སྤྲོད་ལེགས་སྒྲུབ་...
17/10/2025

༈ རང་རེའི་ཁང་ཚན་གྱི་སློབ་གཉེར་བ་ལྷུན་གྲུབ་ཡར་འཕེལ་འཛིན་རིམ་བཅུ་པའི་NIOS རྒྱུགས་སྤྲོད་ལ་བཞུགས་ནས་རྒྱུགས་སྤྲོད་ལེགས་སྒྲུབ་ཟིན་ནས་དེ་རིང་སེར་བྱེས་བཀྲིས་ཆོས་གླིང་དུ་༧རྒྱལ་བའི་གོ སྟོན་མཛད་སྒོ་འཚོགས་པ་དང་སྦྲགས་བོད་མི་དམངས་སྤྱི་འཐུས་ཚོགས་གཙོའི་ཕྱག་ནས་ཕྱག་འཁྱེར་བཞེས་པར་འཚམས་འདྲི་དང་སླད་མར་ཡང་ཁྱེད་ནས་ནང་དོན་རིག་པ་དང་དེང་དུས་ཀྱི་ཤེས་ཡོན་གཉིས་ཀའི་ཐད་ལ་འབད་བརྩོན་ལྷོད་མེད་ཡོང་བའི་རེ་བ་ཡོད།

Address

Mysore
571104

Telephone

+919019603881

Website

Alerts

Be the first to know and let us send you an email when Sermey Minyak Khangtsen posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share