BOKAR Belleville Canada

BOKAR Belleville Canada Bokar Karma Tara Ling

Sandy Pines Wildlife ཞེས་ཁེ་མེད་ཚོགས་པ་དེས་བྱ་དང་བྱིའུ་དང་སྲོག་ཆགས་སོགས་དུད་འགྲོ་ཉམ་ཐག་ཆེ་མ་ཆུང་གསུམ་མང་པོ་ཞིག་རླངས་འཁོར...
08/26/2025

Sandy Pines Wildlife ཞེས་ཁེ་མེད་ཚོགས་པ་དེས་བྱ་དང་བྱིའུ་དང་སྲོག་ཆགས་སོགས་དུད་འགྲོ་ཉམ་ཐག་ཆེ་མ་ཆུང་གསུམ་མང་པོ་ཞིག་རླངས་འཁོར་གྱིས་བརྫིས་པ་དང་རང་བཞིན་གྱིས་ན་བ་སོགས་ལུས་པོར་རྨ་དང་ཡན་ལག་སྐྱོན་ཅན་དུ་ཆགས་པའི་མགོན་མེད་དེ་དག་ལ་བཅའ་བའི་གནས་དང་སྨན་བཅོས་ཀྱི་དགོས་མཁོ་ཆ་ཚང་བྱམས་བརྩེ་ལྷག་བསམ་ལྡན་པའི་སྨན་ཞབས་(Sue Meech) མས་ཐོག་མར་འགོ་བཙུགས་ཏེ་རྒྱུན་བསྐྱངས་པའི་བརྒྱུད་རིམ་ཁྲོད་དུ་དུད་འགྲོ་སྟོང་ཕྲག་མང་པོ་ལ་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་སྒོ་ནས་ལོ་མང་རིང་བྱམས་སྐྱོང་དང་ལྟ་རྟོག་བྱེད་བཞིན་པར་སྙིང་ནས་བསྔགས་བརྗོད་དང་ཡི་རངས་བཞིན་ཡོད། དེ་མཉམ་རང་ཡང་སྟོན་པ་རྫོགས་པའི་སངས་རྒྱས་ཀྱི་རྣམ་ཐར་ལ་ཕྱིར་དྲན་དང་ལྷག་པར་སྟོན་པའི་མཛད་རྗེས་སྐྱེ་རབས་བརྒྱ་པ་ལ་མི་ཕྱེད་པའི་དད་མོས་དང་བྱ་བ་འདི་ལ་བསླབ་པར་བྱའོ་སྙམ་པའི་སྨོན་སེམས་ཡང་ཡང་སྐྱེས། སྤྱིར་ནང་པ་སངས་རྒྱས་པའི་བསྟན་པའི་སྙིང་པོ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིན་པ་སྨོས་མེད་ལ་སོང་སེམས་ཅན་ཐམས་ཅད་མཐར་ཐུག་ཀྱི་གནས་ལ་འགོད་པའི་སྔ་རོལ་དུ་ཡིད་ཀྱི་སྨོན་པ་གཅིག་པུ་ཙམ་མ་ཡིན་པར་དངོས་ཤུགས་བརྒྱུད་གསུམ་ནས་ཕན་པ་བྱ་ནུས་པ་ལྡན་ཚེ་བྱང་ཆུབ་ཀྱི་སྤྱོད་པ་ལའང་འཇུག་པའི་ཉེ་སྦྱོར་ལྟ་གོན་དུ་དགྱི་དགོས་པར་སེམས། གང་ལྟར་སྔོན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྔོན་བྱང་ཆུབ་ཀྱི་སྤྱོད་པ་གྲངས་མེད་པའི་མཛད་པ་ལས་ལམ་གྱི་གནས་སྐབས་སུ་དངོས་སུ་དུད་འགྲོའི་རིགས་མི་འདྲ་བའི་ལུས་བླངས་ཏེ་ཉམ་ཐག་དུད་འགྲོ་བགྲང་གིས་མི་ཆོད་པ་དེ་དག་ལ་འབྱུང་བཞིའི་གནོད་པ་མཚོན་ཡ་ང་བའི་འཚེ་བ་ལས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་མཐར་ཕྱིན་པའི་ཉམས་ལེན་མཛད་པའི་རྒྱ་གར་གྱི་མཁས་པའི་དབང་པོ་སློབ་དཔོན་དཔའ་བོ་ཞེས་མཚན་གྱི་གཟི་བྱིན་ཡོངས་སུ་གྲགས་པ་ཁོང་གིས་སྟོན་པའི་སྐྱེ་རབས་སོ་བཞི་བརྩམས་པར་མཛད་པ་དང་། དེའི་འཕྲོར་ཕྱིས་སུ་གངས་ལྗོངས་བོད་དུ་དཔལ་༧རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གསུམ་པ་རང་བྱུང་རྡོ་རྗེས་སྐྱེ་རབས་ལྷག་མ་དག་མཛད་དེ་སྐྱེ་རབས་བརྒྱ་པ་ཞེས་ཡོངས་སུ་གྲགས་པ་དེ་བྱུང་ཡོད། གང་ལྟར་བརྗོད་གཞི་འདི་འགྲེལ་དགོས་པའི་རྒྱུ་མཚན་ནི་ཉམ་ཐག་སེམས་ཅན་རྣམས་ལ་སྨན་བཅོས་ཀྱི་དགོས་མཁོ་ཕུན་སུམ་ཚོགས་པས་བལྟ་སྐྱོང་གིས་རྨས་མ་དང་ནད་ཅོང་ལས་ཡོངས་སུ་གྲོལ་རྗེས་རང་རང་སོ་སོའི་གནས་སུ་སྐྱེལ་མས་དེ་རྣམས་འཚོ་བ་གསོན་པོ་སྦྱིན་པར་བྱ་བའོ། ཞེས་བླ་མ་ཚུལ་ཁྲིམས་རྒྱ་མཚོས་ཕྱི་༢༠༢༥ ཟླ་བ་༨ ཚེས་༢༥ ཉིན་སྤེལ་བ་དགེའོ།།

Sandy Pines Wildlife, a non-profit organization, has been praised and appreciated for its many years of compassionate care and attention to thousands of animals, large and small, that have been injured by vehicles, natural illnesses, and other physical ailments. This organization, founded and maintained by a compassionate and dedicated nurse (Sur Meech) starts shelter and medical care to these helpless creatures. At the same time, I also recall the biography of the Buddha and, in particular, I have unwavering faith in the Buddha's deeds and hundreds of lifetimes, and I repeatedly wish to learn from this work. In general, it goes without saying that the essence of the Buddhist teachings is the precious mind of enlightenment, and before all sentient beings are placed in the ultimate state, it is necessary to engage in the practice of enlightenment by being able to benefit in three ways, directly and indirectly, not only with the wish of the mind alone, but also as a close preparation.

Anyway, in the past, the teacher, the Buddha, the Bhagavan, took countless actions of enlightenment, and during the path, he actually took the bodies of different kinds of animals, and gave the endless number of miserable animals the ultimate practice of fearlessness and refuge from the terrible harm of the four elements. The Indian scholar, the glorious master known as Acharya Dpawo, composed thirty-four Jataka tales of the teacher. Later, in the snowy land of Tibet, the Third Gyalwang Karmapa, Rangjung Dorje, composed the remaining Jataka tales, resulting in the famous Hundred Jataka tales. Anyway, the reason for explaining this topic is to provide abundant medical care for the miserable sentient beings, to take care of them, and after they are completely freed from wounds and diseases, to transport them to their respective places and give them a living life. This was published by Lama Tsultrim Gyatso on August 25, 2025.

On 17th August, Bokar Monastery (Shambhala Charitable Trust) observed the 21st Parinirvana of Kyabje Bokar Dorje Chang K...
08/26/2025

On 17th August, Bokar Monastery (Shambhala Charitable Trust) observed the 21st Parinirvana of Kyabje Bokar Dorje Chang Karma Ngedon Chokyi Lodro Pal Sangpo with deep devotion and gratitude.

On this auspicious occasion, the monastery distributed blankets, bed sheets, and pillow covers to the monks and nuns of Bokar Monastery, Bokar Shedra Obar Chimeyling – Institute for Higher Buddhist Studies, and Bokar Dolma Lekshay Doeguling Buddhist Institute (Abbey).

Additionally, lunch and stationery were offered to the Day Scholars of Bokar Vajradhara Memorial School, as a gesture of love and encouragement.
A plantation drive was also undertaken in the surrounding area by the students
The day also witnessed the inauguration of a Computer Lab, two Science Laboratories, a Smart Classroom, and a Dental Clinic, dedicated to enhancing education and well-being within the monastery and its institutions.
In addition, Prof. (Dr.) Rinchey Norbu Bhutia from Clinic Renew Plus kindly provided free dental services to our monks.

May the blessings of Kyabje Bokar Dorje Chang continue to inspire us on the path of wisdom and compassion.
This commemoration was offered with deep devotion and gratitude to the compassionate vision and blessings of Kyabje Bokar Dorje Chang Rinpoche.

Address

Belleville, ON
K8N4G5

Telephone

+16138854710

Website

Alerts

Be the first to know and let us send you an email when BOKAR Belleville Canada posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Share