03/10/2026
༈ གུ་རུའི་ཚིག་བདུན་གསོལ་འདེབས་འབུམ་ཕྲག་ཆེན་མོ་ཉིན་གཉིས་པ།
ཚིག་བདུན་སྒྲུབ་ཐབས་པདྨ་གར་དབང་འཆི་མེད་གཡུང་དྲུང་གླིང་པའི་གཏེར་བྱོན་ལས། བདག་ཉིད་པདྨ་ཀུན་ཏུ་འཆང༔ གདོད་མའི་དབྱིངས་སུ་སྙོམས་ཞུགས་ཚེ༔ ཆོས་ཉིད་རང་རྩལ་རྡོ་རྗེའི་སྒྲ༔ ཚིག་བདུན་རང་བྱུང་དབྱངས་ཀྱིས་བསྐུལ༔ ལོངས་སྐུ་གཟི་བརྗིད་དཔག་མེད་བཞེངས༔ མཁའ་ཁྱབ་ངེས་པ་ལྔ་ལྡན་གྱི༔ ཞིང་དང་སྐུ་ཡི་བཀོད་པ་བསྟན༔ དེ་ཚེ་དབྱིངས་ཀྱི་ཡུམ་ལྔ་ཡིས༔ འགྲོ་དོན་ཚིག་བདུན་གླུ་ཡིས་བསྐུལ༔ བདེ་ཆེན་ཞིང་དུ་འོ་མའི་མཚོར༔ པད་སྡོང་རྩེ་ལ་སྐུར་བཞེངས་པ༔ ཐོད་ཕྲེང་སྡེ་ལྔ་ཞེས་སུ་གྲགས༔ རྣམ་པར་མཛད་པ་བསམ་ལས་འདས༔ སླར་ཡང་ཡེ་ཤེས་མཁའ་འགྲོ་མ༔ བྱེ་བ་ཕྲག་བརྒྱས་མགྲིན་གཅིག་ཏུ༔ འཛམ་གླིང་ཤཱཀྱའི་གདུལ་ཞིང་དུ༔ གསང་སྔགས་བསྟན་པ་སྤེལ་བའི་ཆེད༔ ཚིག་བདུན་དབྱངས་ཀྱིས་སྤྱན་དྲངས་པས༔ སྔགས་ཀྱི་འབྱུང་གནས་ཨོ་རྒྱན་ཡུལ༔ དྷ་ན་ཀོ་ཤའི་མཚོ་གླིང་དུ༔ ངོ་མཚར་པདྨའི་སྡོང་པོའི་རྩེར༔ བདེ་ཆེན་ཞིང་ནས་སྤྲུལ་སྐུར་བྱོན༔ མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས༔ ཞེས་གསུངས་པ་ལྟར། སྨན་ལྗོངས་འབྲུག་གི་རྒྱལ་བློན་འབངས་གསུམ་དང་གཞི་ཚོགས་ཀྱི་འཐུས་མི་རྣམས་ཀྱི་སྐུ་རིམ་དུ་དམིགས་ཏེ་ཨོ་རྒྱན་དུས་གསུམ་མཁྱེན་པ་རྡོ་རྗེ་འཆང་ཉིད་སྤྱན་དྲངས་པའི་ཚིག་བདུན་གསོལ་འདེབས་འབུམ་ཕྲག་ཆེན་མོ་ཚོགས་བཞུགས་གནང་བཞིན་པ།
Tshigduen Soeldeb, Day Two
From the Seven-Line Sādhana, revealed by Padma Garwang Chimé Yungdrung Lingpa:
Padma, the All-Holder,
rested in equipoise in the primordial expanse.
The vajra sound of dharmatā's display
seven self-arisen lines were stirred by melody.
The sambhogakāya appeared radiant and immeasurable
in a realm pervading space, with the five certainties,
displaying the full array of realm and body.
Then the five Mothers of the Expanse
summoned him with the seven-line song for all beings.
In the realm of Great Bliss, in a lake of milk,
he appeared on a lotus stalk,
known as the Five Families of the Skull Garland,
his deeds beyond imagining.
Again the wisdom ḍākinīs,
countless millions, with one voice,
to spread Secret Mantra in Jambudvīpa,
invoked him with the seven-line melody.
In Oḍḍiyāna, source of mantra,
on Dhanakośa's lake island,
on a wondrous lotus stalk,
he came as an emanation from Great Bliss,
known as Tshokey Dorji, the Lake-Born Vajra.
As this declares, the great Seven-Line Prayer gathering is now being held. It invokes Padmasambhava and is dedicated to the well-being of the King, Ministers, People, and foundation members.