Central Coast Tibetan Community

Central Coast Tibetan Community Contact information, map and directions, contact form, opening hours, services, ratings, photos, videos and announcements from Central Coast Tibetan Community, Nonprofit Organization, Gosforth.

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༤ ཉིན་ས་གནས་མི་རིགས་རིག་གཞུང་སྣ་མང་དུས་སྟོན་སྐབས་འདི་ག་སན་ཊལ་ཁོ་ས་ཊ་ས་གནས་བོད་རིགས་ཁག་ག...
14/10/2026

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༡༤ ཉིན་ས་གནས་མི་རིགས་རིག་གཞུང་སྣ་མང་དུས་སྟོན་སྐབས་འདི་ག་སན་ཊལ་ཁོ་ས་ཊ་ས་གནས་བོད་རིགས་ཁག་གཅིག་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཞུས་ཡོད།

Today, 14 October 2026, members of the Tibetan community on the Central Coast participated in the Mosaic Multicultural Event by presenting Tibetan cultural performance, showcasing the rich cultural heritage and traditions of Tibet.

Source: Bod.asia
01/10/2026

Source: Bod.asia

བོད་མིའི་དང་བླངས་འཕྲོད་བསྟེན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ ༣༣ བསྐོང་ཚོགས།༢༠༢༦-༡༠-༠༡

༢༠༢༦ ཟླ་༩ ཚེས་༣༠ ཉིན། སན་ཊལ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་ཕ་མའི་འཐུས་ཚབ་དང་ལྷག་བསམ་ཅན་གྱི་མི་དམངས་མཉམ་རུབ་ཐོ...
01/10/2026

༢༠༢༦ ཟླ་༩ ཚེས་༣༠ ཉིན། སན་ཊལ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག་ས་གནས་ཕ་མའི་འཐུས་ཚབ་དང་ལྷག་བསམ་ཅན་གྱི་མི་དམངས་མཉམ་རུབ་ཐོག་བོད་མིའི་ངོ་བོ་གཅེས་སྲུང་གི་ལས་འགུལ་གྲ་རྒྱས་ཤིག་སྤེལ་བ་དང་།

ལས་འགུལ་ནང་། གཙོ་བོར་བོད་ཀྱི་སྲོལ་རྒྱུན་ཁྱིམ་ཆས་དང་། སྲོལ་རྒྱུན་གྱོན་ཆས་དང་རྒྱན་ཆ་སྣ་ཚོགས། བོད་བརྒྱུད་ནང་བསྟན་གྱི་མཆོད་པའི་ཡོ་ཆས། ༧གོང་ས་མཆོག་གི་མཛད་རྣམ་གྱི་སྐུ་ཐང་། བོད་ཀྱི་སྲོལ་རྒྱུན་ཐང་ཁ་སོགས་འགྲེམས་སྟོན་བྱས་པ་མ་ཟད། བོད་ཕྲུག་ཚོར་འགྲེམས་སྟོན་གྱི་དངོས་རྫས་སྐོར་འགྲེལ་བཤད་ཀྱང་བྱས་ཡོད།

དེ་བཞིན། གཞོན་སྐྱེས་རྣམས་གཙོ་བོར་གྱུར་བའི་ས་གནས་མི་དམངས་ལ་ནང་ཆོས་ཀྱི་གཞི་རིམ་ངོ་སྤྲོད་དང་ཕྱག་འཚལ་སྟངས་དང་། ཡོན་ཆབ་འབུལ་སྟངས་སོགས་ཀྱི་སྐོར་ངོ་སྤྲོད་བྱས་པ།

ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡོངས་ཀྱིས་བོད་ཡིག་གི་ཀ་མད་སུམ་ཅུའི་ཡིག་གཟུགས་འབྲི་བའི་ལས་འགུལ། སྒོར་གཞས་སོགས་ལས་འགུལ་ཁག་ཡོངས་སུ་ལེགས་གྲུབ་བྱུང་བར་དགའ་སྤོབས་ཆེ།།

ས་གནས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ལིའི་སི་(Liesl Tesch MP)མཆོག་ནས་སན་ཊལ་ཁོ་ས་ཊ་བོད་རིགས་མཐུན་ཚོགས་ལ་ལེགས་གསོལ་ངོས་འཛིན་ཐོག...
03/09/2026

ས་གནས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ལིའི་སི་(Liesl Tesch MP)མཆོག་ནས་སན་ཊལ་ཁོ་ས་ཊ་བོད་རིགས་མཐུན་ཚོགས་ལ་ལེགས་གསོལ་ངོས་འཛིན་ཐོག་གྲོས་ཚོགས་ནང་ས་གནས་བོད་མིའི་སྐོར་གླེང་སློང་གནང་བ་དང་། འདིར་ལེགས་གསོལ་ངོས་འཛིན་ལག་འཁྱེར་གནང་བར་ཐུགས་རྗེ་ཆེ་ཞུ།

27/08/2026
26/08/2026

དེ་རིང་ ༣༠༢༦ ཟླ་ ༨ ཚེས་ ༢༦ ཉིན་སན་ཊལ་ཁོ་སཊ་བོད་རིགས་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་དེ་ཉིན་ལྷག་དཀར་སྦྱིན་བདག་བློ་བཟང་བདེ་ལེགས་ལགས་ཀྱི་ནང་དུ་ལྷག་དཀར་གི་༧སྐུ་ཕྱའི་ཞབས་རིམ་གསུང་འདོན་ཞུས།

སན་ཊལ་ཁོ་ས་ཊ་བོད་རིགས་མཐུན་ཚོགས་དང་། ས་གནས་མི་རིགས་སྣ་མང་ཚོགས་པ་མཉམ་རུབ་ཐོག་ཟླ་རེར་ཉིན་གཅིག་བོད་པའི་ཁྱིམ་ཚང་ལྷན་འཛོམས་ཀྱ...
15/08/2026

སན་ཊལ་ཁོ་ས་ཊ་བོད་རིགས་མཐུན་ཚོགས་དང་། ས་གནས་མི་རིགས་སྣ་མང་ཚོགས་པ་མཉམ་རུབ་ཐོག་ཟླ་རེར་ཉིན་གཅིག་བོད་པའི་ཁྱིམ་ཚང་ལྷན་འཛོམས་ཀྱི་ཉིན་མོ་ (Tibetan family group day) ཞེས་པའི་བརྗོད་གཞིའི་ཐོག་གཙོ་བོ་བོད་ཀྱི་མ་འོངས་སོན་རྩ་བོད་ཕྲུག་ཚོའི་ཆེད་འབྲེལ་ཡོད་བོད་པའི་ཕ་མ་དང་། ཕྲུ་གུ། དགེ་རྒན། ཚང་མ་མཉམ་དུ་འཛོམས་ཏེ་ཚང་མ་མཉམ་རུབ་ཀྱིས་རྩེད་མོའི་སྒྱུ་རྩལ་གྱི་ཐོག་ནས་བོད་ཕྲུག་ཚོར་གཙོ་བོ་བོད་ཀྱི་སྐད་ཡིག་སློབ་སྦྱོང་སྤྲོད་རྒྱུའི་གལ་ཆེའི་ལས་འཆར་ཞིག་ཡོད་པ་ལྟར།
དེ་རིང་ ༢༠༢༦ ཟླ་ ༨ ཚེས་ ༡༥ ཉིན་ནས་དངོས་སུ་ལག་བསྟར་བྱེད་ཐུབ་པ་བྱུང་ཡོད།

སན་ཊལ་ཁོ་ས་ཊ་བོད་རིགས་མཐུན་ཚོགས་དང་། ས་གནས་མི་རིགས་སྣ་མང་ཚོགས་པ་མཉམ་རུབ་ཐོག་ཟླ་རེར་ཉིན་གཅིག་བོད་པའི་ཁྱིམ་ཚང་ལྷན་འཛོམས་ཀྱ...
16/07/2026

སན་ཊལ་ཁོ་ས་ཊ་བོད་རིགས་མཐུན་ཚོགས་དང་། ས་གནས་མི་རིགས་སྣ་མང་ཚོགས་པ་མཉམ་རུབ་ཐོག་ཟླ་རེར་ཉིན་གཅིག་བོད་པའི་ཁྱིམ་ཚང་ལྷན་འཛོམས་ཀྱི་ཉིན་མོ་ (Tibetan family group day) ཞེས་པའི་བརྗོད་གཞིའི་ཐོག་གཙོ་བོ་བོད་ཀྱི་མ་འོངས་སོན་རྩ་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་པའི་བོད་པའི་རིག་གཞུང་རྣམས་སློབ་ཐབས་ཀྱི་གལ་ཆེན་ལས་འཆར་ཞིག་ཡིན། ལས་འཆར་འདིར་འབྲེལ་ཡོད་བོད་པའི་ཕ་མ་དང་། དགེ་རྒན། ཕྲུ་གུ་ཚང་མ་མཉམ་དུ་འཛོམས་ཏེ་ཚང་མ་མཉམ་རུབ་ཀྱིས་རྩེད་མོའི་སྒྱུ་རྩལ་གྱི་ཐོག་ནས་བོད་ཕྲུག་ཚོར་གཙོ་བོ་བོད་སྐད་སློབ་སྦྱོང་སྤྲོད་རྒྱུ་དེ་ཡིན།།

The Tibetan Community of the Central Coast, in collaboration with Mosaic multicultural organization’s, plans to hold a monthly event called “Tibetan Family Group Day.”

The primary purpose of this initiative is to help preserve and promote the Tibetan language and culture among Tibetan children, who are the future of the Tibetan community. The program places particular emphasis on teaching the Tibetan language as the foundation for learning and preserving Tibetan cultural traditions.

The project will bring together Tibetan parents, teachers, and children to participate as families. Through teamwork, games, creative activities, and cultural learning, children will have the opportunity to learn and practise the Tibetan language in a fun, engaging, and supportive environment

Address

Gosforth, NSW

Website

Alerts

Be the first to know and let us send you an email when Central Coast Tibetan Community posts news and promotions. Your email address will not be used for any other purpose, and you can unsubscribe at any time.

Shortcuts

Share